གསར་འགྱུར་གནད་བསྡུས།

        2017-03-20

      ༄༅།། ད་ལོར་ཕྱག་ཕྲེང་རྫོང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་དེ་གཙོ་གནད་སུ་འཛིན་པ་དང་ཞིང་ལས་ལྷད་མེད་འཕེལ་རྒྱས་གཏོང་བ་དེས་ཁ་ཕྱོགས་སུ་བྱེད་ཅིང་། ཞིང་ལས་དང་ཡུལ་སྐོར།  ཞིང་ལས་དང་བཟོ་ལས།  ཞིང་ལས་དང་དྲྭ་སྦྲེལ་བཅས་ཟུང་དུ་འབྲེལ་བའི་ལམ་གསུམ་ལ་བརྟེན་ནས་ཞིང་ལས་དེ་ལྗང་མདོག་གི་སྐྱེ་ཁམས་རྒྱུན་སྲིང་ཅན་དང་སྤུས་ཚད་ཀྱི་དགོས་མཁོ་སྐོང་བའི་ཕྱོགས་སུ་སྐུལ་སྤེལ་བཏང་བ་རེད།

      ༄༅།། 2016ནས་བཟུང་ཞིང་པ་གླ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆེད་ལྕགས་ཟམ་རྫོང་གིས་ལས་ཀའི་བྱེད་ཐབས་འཐུས་ཚང་དུ་བཏང་ཞིང་མགྱོགས་པ་གསུམ་གྱི་ལས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་ཞིང་པ་གླ་པའི་ངལ་རྩོལ་གྱི་གླ་ཆ་འདང་ངེས་ལག་དུ་སྤྲད་པ་རེད། མིག་སྔར་ཞིང་པ་གླ་པའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་དོན101བསྒྲུབས་ཚར་བ་དང་ཞིང་པའི་གླ་པ2600ལྷག་གི་གླ་ཆ་སྒོར་མོ་ཁྲི3300ལྷག་ཕྱིར་རག་པ་རེད།

      ༄༅།། སྤྱི་ཟླ3པའི་ཚེས8ཉིན། རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་མ་དངུལ་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་གིས་སྐབས་དང་པོའི་རྐང་བདག་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཁུལ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་མ་དངུལ་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་གི་སྐབས་དང་པོའི་རྐང་བདག་ལྷན་ཚོགས་ནི་ཁོངས་མི5ལས་གྲུབ་པ་དང་། འདེམས་བསྐོ་བྱས་པར་བརྒྱུད་ནས་སྐབས་དང་པོའི་རྐང་བདག་ལྷན་ཚོགས་ཀྱི་རྐང་བདག་རྒན་པ་བདམ་པ་དང་ལྟ་ཞིབ་ལྷན་ཚོགས་ནི་ཁོངས་མི5ལས་གྲུབ་པ་རེད།


  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་ཐོན་རྫས་རྫུན་མ་དང་སྤུས་ཞན་ཁག་ཅིག་གཅིག་བསྡུས་ཀྱིས་མེད་པར་བཟོས།
  • ལེ་ཚན་རྗེས་མ།:ཁུལ་སྨན་ཁང་གིས་ནང་ལོགས་ས་ཁུལ་གྱི་སྨན་ཁང་དང་བསྡུར་ཏེ་མི་འདང་ས་བཙལ་བ།
  • དོ་སྣང་ཆེ་བའི་རྩོམ།