གསེར་ཐར་རྫོང་ཤེལ་གྲུབ་ཤང་གིས་དབུལ་ཐར་འགག་སྒྲོལ་གྱི་འཕྲིན་ཕྲན་སྤྱི་རྟགས་ཐོག་མར་ཤར་གཏོང་བྱས།

ཀུན་དགས་བསྒྱུར།        2017-03-09

      གྲོང་མི་ལེགས་ནོར་གྱིས་ད་ཆ་ངས་འཕྲིན་ཕྲན་ཐོ་འགོད་བྱས་ཏེ་གསེར་ཐར་རྫོང་ཤེལ་གྲུབ་ཤང་མི་དམངས་སྲིད་གཞུང་གི་འཕྲིན་ཕྲན་སྤྱི་རྟགས་ནང་ཞུགས་པ་ཡིན་ན་ཤང་གི་དབུལ་ཐར་འགག་སྒྲོལ་གྱི་གནས་ཚུལ་གསར་པ་ཤེས་རྟོགས་ཐུབ་པར་མ་ཟད་ངེད་ཚང་གི་གཞི་རྩའི་ཆ་འཕྲིན་ཡང་འཚོལ་ཞིབ་ཐུབ་པས་ཧ་ཅང་སྟབས་བདེ་རེད་ཅེས་བཤད།

      མང་ཚོགས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གནས་ཚུལ་གསར་པ་དུས་ཐོག་ཏུ་ཤེས་པར་སྟབས་བདེར་ཡོང་ཆེད། ཤང་དེས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོག་མར་དབུལ་ཐར་འགག་སྒྲོལ་གྱི་སྲིད་དོན་འཕྲིན་ཕྲན་སྤྱི་རྟགས་ཤར་གཏོང་བྱས་ཡོད་ཅིང་།  ཞོགས་པའི་མཛེས་ལྗོངས་དང་ཁྱད་ཆོས་ལྡན་པའི་བྱེད་སྟངས། ཤེལ་གྲུབ་ཀྱི་ལོ་རྒྱུས་སོགས་མ་ཚན་ཆེན་པོ་གསུམ་དང་བུ་ཚན་དུ་མ་ཞིག་བཟོ་བཀོད་བྱས་ཡོད་ཅིང་། རང་འགུལ་གྱིས་ཡིག་ལན་སྤྲོད་པ་དང་དབུལ་ཕོངས་དུད་ཚང་མི་སྒེར་གྱི་གནས་ཚུལ་མདོར་བསྡུས། དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་ཚང་འདྲ་པར། ཁང་པའི་འདྲ་པར་དང་དེ་བཞིན་ཁྱིམ་ཚང་གི་ཁོངས་མིའི་འདྲ་པར། དབུལ་ཕོངས་ཀྱི་རྒྱུ་རྐྱེན་དབྱེ་ཞིབ་དང་རོགས་སྐྱོར་བྱེད་ཐབས་སོགས་གྲུབ་གཞི་མང་པོ་གསར་སྣོན་བྱས་ཡོད་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཤང་དེའི་དབུལ་ཕོངས་དུད་ཚང145 ཡི་མི་གྲངས773གྱི་གཞི་རྩའི་ཆ་འཕྲིན་ཚང་མ་འཕྲིན་ཕྲན་སྤྱི་རྟགས་ནང་བཅུག་ཟིན་ཞིང་དོ་ཁུར་བྱེད་མཁན་མིའི་ཐེངས162ལ་ཟིན་པ་རེད། འཕྲིན་ཕྲན་སྤྱི་རྟགས་དེ་ཉིད་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་མང་ཚོགས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གནས་ཚུལ་གསར་པ་ཤེས་རྟོགས་བྱེད་པར་སྟབས་བདེར་བྱས་པ་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་ཟམ་དུ་གྱུར་ཞིང་། དབུལ་ཐར་ལས་དོན་དྲིལ་བསྒྲགས་བྱེད་ཡས་ཀྱི་གཡུལ་ས་གསར་པ་གྱུར་པ་རེད། འབྲེལ་དྲྭ་དང་དབུལ་སྐྱོར་གནད་སྨིན་བར་ཟུང་དུ་འབྲེལ་བའི་ལས་སྟེགས་གསར་པ་བསྐྲུན་པར་བརྒྱུད། མང་ཚོགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ཐུགས་ཁུར་དང་མཐོང་ཆེན། རྒྱབ་སྐྱོར་བཅས་བྱེད་པའི་ཧུར་སེམས་སྔར་ལས་ཇེ་ཆེར་བཏང་བས་མ་ཚད་མི་ཚང་མ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་དངོས་སུ་ཞུགས་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:དྲག་ཆས་ཉེན་རྟོག་དཔོན་དམག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེ་ཧྥེང་ལ་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:བསམ་བློ་གཅིག་གྱུར་བྱས་ནས་ངོས་འཛིན་གོང་བུར་བསྒྲིལ། སྙིང་སྟོབས་དར་སྤེལ་བཏང་ནས་ནུས་ཤུགས་མཉམ་འདོན་བྱས།
  • དོ་སྣང་ཆེ་བའི་རྩོམ།