དྲག་ཆས་ཉེན་རྟོག་དཔོན་དམག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེ་ཧྥེང་ལ་སློབ་སྦྱོང་བྱས།

དངོས་སྦྱོང་སློབ་མ་འཇམ་དབྱངས་དཔལ་ལྡན་གྱིས་བསྒྱུར།        2017-03-09

      ཉེ་ཆར།  དར་མདོ་རུ་ཁ་བ་ཆེན་པོ་བབས་ནས་མང་ཚོགས་ཀྱི་འགྲོ་འོང་ལ་ཧ་ཅང་སྟབས་མི་བདེ་བ་བཟོས་པ་རེད། དྲག་ཆས་ཉེན་རྟོག་སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་གཉིས་པའི་དཔོན་དམག་བརྒྱ་ལྷག་གིས་ཧུར་བརྩོན་ངང་ཁ་བ་དང་ཆབ་རོམ་མེད་པར་བཟོ་བའི་ལས་ཀའི་ནང་ཞུགས་ཏེ་མི་སེར་ཚོའི་འགྲོ་འོང་ཇེ་བདེར་བཏང་བ་རེད།

      གནམ་གཤིས་ཧ་ཅང་གྲང་བའི་ཤུགས་རྐྱེན་དང་ཡར་འགྲོ་མར་འོང་གི་རླངས་འཁོར་གྱི་གནོན་ཤུགས་ཆེ་བའི་རྐྱེན་གྱིས་ལམ་ངོས་ལ་ཧ་ཅང་སྲ་བའི་ཆབ་རོམ་ཆགས་པས་གཙང་བཤེར་བྱེད་དཀའ་མོ་ཡིན་པ་རེད། ཉིན་ཕྱེད་རིང་ལ་དཔོན་དམག་རྣམས་ཀྱིས་རྐོ་མ་དང་ལྕགས་ཁེན་བཟུང་ནས་དཀའ་ངལ་ལ་ཅི་ཡང་མི་འཛེམས་ནས་དར་མདོ་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོའི་ཉེན་ཁ་ཆེ་བའི་ལམ་ངོས་ཀྱི་ཆབ་རོམ་མེད་པར་བཟོས་པ་རེད། དཔོན་དམག་ཡོངས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བཅའ་སྡོད་བྱེད་ཡུལ་དེ་ཕ་ཡུལ་དུ་འཛིན་པ་དང་མི་དམངས་ཕ་མ་རུ་འཛིན་པའི་གཟི་བརྗིད་ཀྱི་སྲོལ་བཟང་དེ་ལག་བསྟར་བྱས་པ་རེད། པར་རིས་འདི་ནི་དཔོན་དམག་རྣམས་ཀྱིས་ལམ་ངོས་གཙང་བཤེར་བྱེད་བཞིན་པའི་ཚུལ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བོད་ཡིག་དྲ་བའི་སློབ་ཁྲིད་ཐོན་ཁུངས་གསར་སྦོལ་བྱས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་ཤེལ་གྲུབ་ཤང་གིས་དབུལ་ཐར་འགག་སྒྲོལ་གྱི་འཕྲིན་ཕྲན་སྤྱི་རྟགས་ཐོག་མར་ཤར་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།