གསར་འགྱུར་བརྒྱུད་ལམ་ནས་ཨུ་ཡོན་གྱི་སྙིང་གཏམ་བསྒྲགས།

བདེ་སྐྱིད་ཀྱིས་བྲིས།        2020-01-13

     2020ལོའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་རིང་།  རང་ཁུལ་གྱིས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གསར་འགྱུར་བརྒྱུད་ལམ་ཕྱེ་ནས་མིག་སྔར་མང་ཚོགས་ཀྱིས་དོ་ཁུར་བྱས་པའི་གནད་དོན་ལ་དམིགས་ནས་གསར་འགོད་པའི་བཅར་འདྲི་ལ་དང་ལེན་བྱས་ནས་ལན་གདབ་རྒྱུ་རེད།

     སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པར། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མ་འཚོག་གོང་ལ། སྲིད་གྲོས་ཨུ་ཡོན། ཁུལ་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཅན་ཆོན་དང་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ལུའོ་ཞིའུ་ཀྲེན།  ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ།  ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞའོ་ཀྲི་ཧུང་། སི་ཁྲོན་ལྕགས་ཟམ་ཁའི་གྲོང་གསར་གྱི་རིག་གནས་ཡུལ་སྐོར་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཚའོ་ཧྥུང་ཧྲུའུ་བཅས་གསར་འགྱུར་བརྒྱུད་ལམ་དུ་ཕེབས་ནས་གསར་འགོད་པའི་དྲི་བར་ལན་འདེབས་པ་རེད།

    ཨུ་ཡོན་ཀྲང་ཅན་ཆོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕྱོགས་གསུམ་ཐད་ནས་ལན་བརྒྱབ་པ་སྟེ།  གཅིག་ནས་ཁུལ་དཔོན་གྱིས་གཙོ་འགན་འཁུར་བ་དང་ཏང་ཨུ་དང་སྲིད་གཞུང་གི་སྡེ་ཁག32ཀྱི་འགན་འཁུར་གཙོ་བོའི་ཁོངས་མི་བྱས་པའི་དམངས་གཉེར་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས།  སྒྲིག་གཞི་སྒྱུར་བཅོས་ཁྲོད་དམངས་གཉེར་དཔལ་འབྱོར་ལས་དོན་འགོ་ཁྲི་ཚོ་ཆུང་གཞུང་ལས་ཁང་དུ་དམངས་གཉེར་དཔལ་འབྱོར་ལས་དོན་ཅུས་དངོས་སུ་གཏན་འཁེལ་བྱས་ཏེ།  དམངས་གཉེར་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།  གཉིས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔོན་རྗེས་སུ《དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》དང《མཛལ་མཐུན་དང་སྤྱོད་གཙང་གི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་པའི་སྐོར་གྱི་ལག་བསྟར་ཇུས་གཞི》བཅས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་པར་འགྲེམས་བྱས་པ་ཆབས་ཅིག    འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཁེ་ལས་དང་འབྲེལ་བ་བྱེད་པ་དང་དམངས་གཉེར་ཁེ་ལས་ཀྱིས་སྲིད་གཞུང་སྡེ་ཚན་གྱི་ལེ་ལག་ཚང་བའི་ཞབས་ཞུ་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད།  ལམ་སྲོལ་འདི་དག་གི་ཆ་འགྲིག་ནས་བལྟས་ན་དམངས་གཉེར་དཔལ་འབྱོར་ལས་དོན་ཇི་ལྟར་དམ་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱས་ཡོད། 


གསར་འགྱུར་བརྒྱུད་ལམ་ནས་ཨུ་ཡོན་གྱི་སྙིང་གཏམ་བསྒྲགས།


  གསུམ་ནས2019ལོའི་ཁུལ་སྲིད་གྲོས་ཀྱི་ཚོགས་འདུའི་ཐོག་ཨུ་ཡོན་གྱི་བཏོན་པའི་སྒེར་གཉེར་མཐུན་ཚོགས་ལ་གཞོགས་འདེགས་བྱེད་པའི་ལས་དོན་སྐོར་གྱི་གྲོས་གཞི་དེ་མཐར་དམངས་གཉེར་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་གཏན་འཁེལ་བྱས་ཏེ།  སྲིད་གཞུང་གིས་ཉོ་སྒྲུབ་དང་ཞབས་ཞུའི་ཇུས་གཞིར་བརྟེན་དགོས།  ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གྲོས་ཚོགས་འཚོགས་ནས་ཁུལ་ཡོངས་ལ་ཁྱབ་སྤེལ་བཏང་བ་དང་།  2019ལོའི་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་དམངས་དོན་ལྟ་སྐུལ་བཅའ་ཁྲིམས་ཀྱི་ཚོང་གཉེར་ཁོར་ཡུག་གི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཆེད་དོན་གྲོས་མོལ་བྱས་ནས།  རོགས་སྐྱོར་ཐད་ཀར་ཡོད་པའི་གནད་དོན་ལ་གྲོས་འགོ5དང་ཞིབ་ཕྲའི་ལག་བསྟར་ཇུས་གཞི43བཏོན་ཡོད་པ་རེད།  ཁུལ་དམངས་གཉེར་དཔལ་འབྱོར་ཡོངས་ཁྱབ་དུ་དམངས་གཉེར་དཔལ་འབྱོར་འགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་ཚན་པ་དང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དམངས་གཉེར་དཔལ་འབྱོར་གྱི་མི་དོན་བསྡུ་ལེན་བྱས་པ། སྲིད་ཇུས་ལག་བསྟར་བྱེད་མཁན་དང་མང་ཚོགས་ཀྱི་བསམ་འཆར་ཚད་མཐོའི་གཅིག་མཐུན་བྱུང་བ་བྱས་ནས། དམངས་གཉེར་དཔལ་འབྱོར་ལས་དོན་ལ་ཕན་འབྲས་ཐོན་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ལོ་སར་ལ་ཁུལ་སྲིད་གྲོས་ཀྱིས་དམངས་འཚོའི་ཐད་འགན་སྒྲུབ་འདི་འདྲ་བྱ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་།
  • དོ་སྣང་ཆེ་བའི་རྩོམ།