མཚོ་སྔོན་ཉིན་རེའི་ཚགས་པར་ལ་གསེར་གྱི་ལྕགས་རི་སྨྱན་བྱད་བྱ་དགའ་སྟེ2016ལོའི་ཏང་གི་ཚགས་པར་ཆེན་མོ་བཅུའི་མཚན་སྙན་ཐོབ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2017-01-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན། ལག་རྩལ་གསར་བ་དང་སྐྱེ་ཁམས་གསར་བ། རིན་ཐང་གསར་བ་བརྗོད་དོན་ཡིན་པའི་སྐབས་བཅུ་གཉིས་པའི་ཀྲུང་གོའི་སྨྱན་བྱད་ཚོགས་ཆེན་དེ་ཀོང་ཞི་ཞིང་ཆེན་ནན་ཉིན་གྲོང་ཁྱེར་ནས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། དྲ་བ། བརྡ་ཁྱབ། སྨྱན་བྱད་གསར་བ་སོགས་ཀྱི་ལས་ཁུངས782དང་སྨྱན་བྱད་ཆེད་མཁས་པ་དང་ལས་རིགས་ཁག་གི་འཐུས་མི256ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། 2016ལོའི་གསེར་གྱི་ལྕགས་རི་སྨྱན་བྱད་བྱ་དགའ་བྱིན་པ་དང་། ཐེངས་འདིའི་སྨྱན་བྱད་ཚོགས་ཆེན་གྱིས2016ལོའི་ཀྲུང་གོའི་སྨྱན་བྱད་མཉམ་འདྲེས་གསར་སྐྲུན་འཕེལ་རྒྱས་ཀྱི་མི་སྣ་དང2016ལོའི་ཀྲུང་གོའི་སྨྱན་བྱད་བདག་གཉེར་བྱས་རྗེས་མི་སྣ་སོགས་ཀྱི་མི་སྣའི་བྱ་དགའ་བཙུགས་ཡོད་པ་དང་། དུས་མཚུངས་སུ2016ལོའི་ཀྲུང་གོའི་ཏང་གི་ཚགས་པར་ཆེན་མོ་བཅུ་དང་། 2016ལོའི་ཀྲུང་གོའི་གྲོང་ཁྱེར་ཚགས་པར་ཆེན་མོ་བཅུ། 2016ལོའི་ཀྲུང་གོའི་ཤུགས་རྐྱེན་ཆེ་བའི་འཁོར་སྐར་འཕྲིན་ལམ་བཅུ། 2016ལོའི་ཀྲུང་གོའི་རྒྱང་སྒྲོག་རླུང་འཕྲིན་བཅུ་སོགས་ལས་ཁུངས་རིགས་ཀྱི་བྱ་དགའ་བཙུགས་ཤིང་། དེའི་དམིགས་ཡུལ་ནི་འདས་བའི་ལོ་གཅིག་གི་རིང་ལ་ཀྲུང་གོའི་སྨྱན་བྱད་ལས་དོན་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པའི་སྨྱན་བྱད་དང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུ་དེ་ཡིན་ལ། མ་ཟད་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཉིན་རེའི་ཚགས་པར་ལ་ཐེངས་འདིའི་ཚོགས་ཆེན་སྟེང2016ལོའི་ཀྲུང་གོའི་ཏང་གི་ཚགས་པར་ཆེན་མོ་བཅུའི་མཚན་སྙན་ཐོབ།

རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་སྨྱན་བྱད་ཚོགས་ཆེན་དེ་བསྟུད་མར་སྐབས་བཅུ་གཅིག་ལ་སྒྲུབ་པ་དང་། རྒྱལ་ནང་གི་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། པར་སྐྲུན། བརྡ་ཁྱབ། གསར་དར་སྨྱན་བྱད་སོགས་སྨྱན་བྱད་ཁྱབ་ཁོངས་ཡོངས་ཀྱི་ཐོན་རྫས་དང་རིག་གཞུང་། ཞིབ་འཇུག་བཅས་ཀྱི་བརྗེ་རེས་སྟེགས་བུ་གཅིག་པུ་ཡིན། ལོ་ངོ12རིང་། ཀྲུང་གོའི་སྨྱན་བྱད་ཚོགས་ཆེན་གྱིས་གསར་འགྱུར་རིག་གཞུང་ཞིབ་འཇུག་ལ་སྐུལ་སྤེལ་དང་སྨྱན་བྱད་བཅོས་སྒྱུར་གསར་སྐྲུན་གྱི་ཐབས་ལམ་འཚོལ་ཞིབ། གསར་འགྱུར་ལས་བྱེད་མི་སྣར་གཟེངས་བསྟོད་སོགས་ཀྱི་ཐད་ནས་ཕན་འབྲས་མངོན་གསལ་བླངས་ཡོད།  །


  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་།
  • དོ་སྣང་ཆེ་བའི་རྩོམ།