རང་ཁུལ་གྱིས་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཡེ་མགོན་དང་མཁས་གྲུབ། མིག་དམར།        2016-12-27

རང་ཁུལ་གྱིས་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

      ཟླ་བ12པའི་ཚེས27ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་འདུའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུའི་པུའུ་ཀྲང་བྱམས་བློས་ཚོགས་འདུའི་གཙོ་འགན་བཞེས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

      ལི་ཅང་གིས་གསུང་དོན། ཞིང་ཆེན་གྱི་ཐུགས་ཁུར་དང་དབུ་ཁྲིད་འོགཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་རྣམས་ཀྱིས་འབད་བརྩོན་བྱས་པར་བརྟེན། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་འདུ་དེ་ཟླ་བ12པའི་ཚེས28ནས30བར་དར་མདོར་གཟབ་རྒྱས་ངང་འཚོག་རྒྱུ་རེད། ཐེངས་འདིའི་ཏང་གི་འཐུས་མི་ཚོགས་འདུ་ནི་རང་ཁུལ་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཐག་ཆོད་པའི་དུས་རིམ་དུ་ཚོགས་པའི་གལ་ཆེ་བའི་གྲོས་ཚོགས་ཤིག་ཡིན། ཁུལ་ཨུས་གྲོས་ཚོགས་ཀྱི་གྲ་སྒྲིག་ལས་ཀར་མཐོང་ཆེན་བྱས་ཏེ། ཆེད་དུ་ཁུལ་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་འདུའི་གྲ་སྒྲིག་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་སྔོན་རྗེས་སུ་ཐེངས2ལ་འགོ་ཁྲིད་ཚོ་ཆུང་གྲ་སྒྲིག་བྱེད་པའི་གྲོས་ཚོགས་འཚོགས་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས4འཚོགས། ཁུལ་ཨུའུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས2འཚོགས་ཏེ་འབྲེལ་ཡོད་ཀྱི་ལས་དོན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། མིག་སྔར། ཚོགས་འདུའི་གྲ་སྒྲིག་ལས་ཀ་བྱས་ཟིན་ཞིང་། འབྲེལ་ཡོད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།


  • ལེ་ཚན་སྔོན་མ།:རྟ་མགྱོགས་མོར་སྐབས་དང་བསྟུན་ནས་ལྕག་གིས་སྐུལ། རང་ཁུལ་ཤར་ལྷོ་རྒྱུད་ཀྱི་འཐབ་ཇུས་ཆེན་མོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ཟུར་བཀོད། (སྟོད)
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་སྐབས་བརྗེའི་སྒྲིག་ལམ་བརྩི་སྲུང་ནན་པོ་དང་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ཤུགས་ཆེར་བྱེད་པའི་ཆེད་དོན་གསོ་སྦྱོང་གྲོས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།