དཀར་མཛེས་ཁུལ་སྐབས་བརྗེའི་སྒྲིག་ལམ་བརྩི་སྲུང་ནན་པོ་དང་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ཤུགས་ཆེར་བྱེད་པའི་ཆེད་དོན་གསོ་སྦྱོང་གྲོས་ཚོགས།

མཁས་གྲུབ་དང་མིག་དམར་གྱིས་བྲིས་ཤིང་པར་བླངས།        2016-12-27

དཀར་མཛེས་ཁུལ་སྐབས་བརྗེའི་སྒྲིག་ལམ་བརྩི་སྲུང་ནན་པོ་དང་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ཤུགས་ཆེར་བྱེད་པའི་ཆེད་དོན་གསོ་སྦྱོང་གྲོས་ཚོགས།


      ཟླ་བ12པའི་ཚེས27ཉིན་གྱི་ཕྱི་དྲོར། དར་མདོའི་ཟློས་གར་ཁང་དུ་དཀར་མཛེས་ཁུལ་གྱི་སྐབས་བརྗེའི་སྒྲིག་ལམ་བརྩི་སྲུང་ནན་པོ་དང་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ཤུགས་ཆེར་བྱེད་པའི་ཆེད་དོན་གསོ་སྦྱོང་སྤེལ་བ་རེད།


དཀར་མཛེས་ཁུལ་སྐབས་བརྗེའི་སྒྲིག་ལམ་བརྩི་སྲུང་ནན་པོ་དང་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ཤུགས་ཆེར་བྱེད་པའི་ཆེད་དོན་གསོ་སྦྱོང་གྲོས་ཚོགས།


      ཁུལ་ཨུའི་རྒྱུན་ཨུ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཐེན་ཞའོ་ཀྲེན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་སྐབས་བརྗེའི་སྒྲིག་ལམ་ནན་པོ་དང་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་སྐོར་གྱི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུའི་པུའུ་ཀྲང་ལིའུ་ཅི་ཞང་གིས་གྱོད་གཞི་གསུམ་གྱི་བརྡ་ཁྱབ་དངསྐབས་བརྗེའི་སྒྲིག་ལམ་ནན་པོའི་ཡིག་ཆ་བདམས་བསྒྲིགས།སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་རེད། དེ་བཞིན་ཆེད་དོན་དྲན་སྐུལ་སློབ་གསོའི་གློག་བརྙནམེ་ལོང་དུ་ལྟ་བདངཉེན་བརྡཞེས་པ་གཏོང་བ་དང་། ཏང་གི་འཐུས་མིས་ཚོགས་ཆེན་དུ་ཡོངས་བསྒྲགས་ཁས་ལེན་བྱས་པ། སྐབས་བརྗེའི་སྒྲིག་ལམ་བརྩི་སྲུང་ནན་པོ་བྱེད་པའི་ཆེད་དོན་སྙིང་གཏམ་གླེང་རེས་བཅས་བྱས་པ་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུ།
  • དོ་སྣང་ཆེ་བའི་རྩོམ།