མ་དངུལ་སྒོར་དུང་ཕྱུར1.2ལྷག་བཏང་ནས་མང་ཚོགས་ཁྲི་ལ་ཕན་ཐོགས།

ཀུན་དགས་བསྒྱུར།        2016-12-13

      ཟླ་བ12པའི་ཚེས3ཉིན་རོང་བྲག་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.2445བཏང་ནས་རྒྱལ་རོང་གི་ཆུ་བེད་ཨར་ལས་ལས་འགོ་བཙུགས་པ་རེད། རྒྱལ་རོང་གི་ཆུ་བེད་ཨར་ལས་ནི་རང་ཁུལ་གྱི་གཙོ་གནད་ཆུ་བེད་ཨར་ལས་ཀྱི་ལས་གཞི་ཡིན་ལ་ལས་གཞི་དེར་གྱ་གྱུ་དང་། ཡོད་ཟ། སོག་པོ་བཅས་ས་ཁུལ་གྱི་ཡན་ལག་ཆུ་འདྲེན་གཏོགས་ཡོད་པ་དང་ཆུ་འདྲེན་བྱེད་ཁྱོན་མུའུ་ཁྲི2.09དང་ཆུ་མཁོ་འདོན་བྱ་ཡུལ་མི་ཁྲི0.9ལ་ཁེབས་ཡོད།

      ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེ་མཐོ་སྒང་གི་གྲོག་རོང་ས་ཁུལ་དུ་ཆགས་ཡོད་པ་དང་རང་ཁུལ་གྱི་ཞིང་ལས་རྫོང་ཆེན་པོའི་ཡ་གྱལ་ཡིན། གྲོང་སྡེ་དང་རྨོ་ཞིང་བརྒྱ་ཆ80རི་འགོ་དང་ལ་སྐེད་ལ་ཆགས་ཡོད་སྟབས་ཆུ་དཀོན་པའི་གནད་དོན་དེས་རོང་བྲག་གི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འགག་མདོའི་ཚོད་འཛིན་ཐེབས་པ་རེད། རྒྱལ་རོང་ཆུ་བེད་ཨར་ལས་འཛུགས་སྐྲུན་གྲུབ་རྗེས་རོང་བྲག་གི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆུའི་ཆ་རྐྱེན་ལེགས་སུ་ཕྱིན་ནས། རོང་བྲག་གི་ཞིང་འབྲོག་ལས་རིགས་དང་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཕེལ་རྒྱས་ཡོང་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རམ་འདེགས་བྱས་ཤིང་། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་གལ་ཆེ་བའི་ནུས་པ་ཐོན་ཐུབ།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཐེངས་དང་པོར་བྱིས་པའི་ལྷན་སྐྱེས་སྙིང་ནད་གཤགས་བཅོས་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་བློ་མཐུན་སུའུ་ཀྲི་པིང་ལ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་།
  • དོ་སྣང་ཆེ་བའི་རྩོམ།