ཉག་རོང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱིས་གྲོང་བརྡལ་དུ་ཕྱིན་ནས་རིག་རྩལ་འཁྲབ་སྟོན་བྱས།།

བདེ་སྐྱིད་ཀྱིས་བསྒྱུར།    བདེ་སྐྱིད་ཀྱིས་བསྒྱུར།    2016-12-05

ཉེ་ཆར་ཉག་རོང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས། རིག་གནས་ཁང་གིས་དམར་པོ་ཁམས་ཀྱི་ཉག་རོང་སྒྱུ་རྩལ་ཚོགས་པ་ཤང་དང་གྲོང་རྡལ་སོ་སོར་ཕྱིན་ནས་ཟླ་ཕྱེད་རིང་ལ་རིག་རྩལ་བསྐོར་བསྐྱོད་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད། སྒྱུ་རྩལ་ཚོགས་པའི་ཆེད་ལས་མི་སྣས་ལས་བརྩོན་ཕྱུག་འགྱུར་དང་མི་ལ་རོགས་རམ། རྒན་བཀུར་གཉེན་སྐྱོང་སོགས་དཔེར་སྟོན་མི་སྣ་མཚོན་པ་དང་།ཞིང་ལས་དཔྱ་ཁྲལ་མི་དགོས་པ། འབྲུ་རིགས་འདེབས་སའི་ཁ་གསབ་རོགས་དངུལ། རྣམ་པ་གསར་པའི་ཞིང་སྡེ་མཉམ་ལས་སྨན་བཅོས། ཞིང་སྡེའི་རྒན་གསོ་ཉེན་འགོག་སོགས་ཞིང་ཕན་སྲིད་ཇུས་ཀྱིས་བརྗོད་གཞི་གཙོ་བོ་བྱས་པའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱས་ནས་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཐོབ་པ་རེད།


  • ལེ་ཚན་སྔོན་མ།:ཚྭའེ་པའོ་ཧྭས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གི་གྲོགས་མེད་ཁེར་རྐྱང་གི་རྒན་རྒོན་ཚོའི་ཚེ་མཇུག་འཚོ་བ་སྐྱིད་པོ་འདུག
  • དོ་སྣང་ཆེ་བའི་རྩོམ།