རང་ཁུལ་གྱིས་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-19

    

རང་ཁུལ་གྱིས་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་།

    ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ལོ་བཅོ་ལྔ་ལ་རིན་པ་མི་དགོས་པའི་སློབ་གསོའི་སྲིད་ཇུས་སྔར་བས་དོན་འཁྱོལ་བྱས་ནས་སློབ་མར་དབུལ་པོའི་སློབ་ཞུགས་རོགས་སྐྱོར་བྱེད་པའི་ལས་ཀར་དམ་འཛིན་ཏན་ཏིག་དང་། སློབ་གསོའི་དབུལ་སྐྱོར་དང་རོགས་སྐྱོབ་ལས་ཀ་སྤེལ་ནས་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ཁུལ་ཡོངས་ཀྱི་སློབ་ལོར་མ་སོན་གོང་གི་བྱིས་པ་ཁྲི3.13གྱིས་བྱིས་པ་ཁང་ནང་སློབ་གསོ་དང་ལེན་བྱེད་སྐབས་ལོ3ལ་འགན་ལེན་སློབ་གསོའི་གྲོན་དངུལ་མི་དགོས་པ་བཟོ་བ་དང་། ཁ་གསབ་རོགས་དངུལ་སྒོར་ཁྲི2706.56སྤྲད་པ་རེད། འོས་འགན་སློབ་གསོའི་སློབ་མ་ཁྲི13.74ལ་སློབ་ཡོན་སྒོར་ཁྲི13198.78རྩ་ཆག་བཏང་བ་དང་། སློབ་གྲྭར་རྒྱུན་སྡོད་སློབ་མ་ཁྲི10.44ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི17746སྤྲད་པ་རེད། མཐོ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.47ལ་སློབ་ཡོན་དང་སློབ་དེབ་རིན་པ་ཁྲི3058.04རྩ་ཆག་བཏང་བ། ཁུལ་ནང་གི་འབྲིང་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ4412ཀྱི་སློབ་ཡོན་ཁྲི870.56བཅས་རྩ་ཆག་བཏང་བ་རེད།

    ཁུལ་ཡོངས་ཀྱི་མཐོ་འབྲིང་དཀྱུས་མའི་ཁྱིམ་ཚང་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མ་ཁྲི0.73ལ་སློབ་ཞུགས་རོགས་དངུལ་སྒོར་ཁྲི1276.22སྤྲད་པ་དང་། ཁྱིམ་ཚང་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་ཆེན་གྱི་སློབ་མ་གསར་པ634ལ་སློབ་ཞུགས་ལམ་དངུལ་སྒོར་ཁྲི34.5སྤྲད་པ་རེད། ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་འབྲིང་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ0.49ལ་ཁ་གསབ་རོགས་དངུལ་སྒོར་ཁྲི245.3དང་གསར་དུ་སློབ་ཞུགས་བྱས་པའི་ཡིག་ཚགས་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར་རོགས་དངུལ་སྒོར་ཁྲི1005.6སྤྲད་ཡོད་པ་རེད།

    ཁུལ་ཡོངས་ཀྱི་རྫོང﹙གྲོང་ཁྱེར﹚18ཀྱི་སློབ་གསོའི་དབུལ་སྐྱོར་དང་རོགས་སྐྱོབ་ཐེབས་རྩ་རིམ་རྩིས་བྱས་ན་སྒོར་ཁྲི9717.90གྲབས་གསོག་བྱས་ནས། དབུལ་པོའི་ཁྱིམ་ཚང་གི་སློབ་མ་ཁྲི4.54ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི4605.38སྤྲད་ཡོད་པ་རེད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཁྲི0.63ལ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་རོགས་སྐྱོར་དངུལ་བུན་གཡར་ནས་རྒྱབ་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི4887.57བཏང་ནས། དབུལ་ཕོངས་དབང་གིས་སློབ་མཚམས་འཇོག་པའི་སློབ་མ་གཅིག་ཀྱང་མེད་པའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོ་ལྗང་རི་ཀླུང་བརྟན་སྲུང་བྱས།
  • ལེ་ཚན་རྗེས་མ།:སྤྱི་ཕན་གྱི་གཏུག་བཤེར་ལ་བསྟོད་བསྔགས་ཐོབ།
  • དོ་སྣང་ཆེ་བའི་རྩོམ།