རང་ཁུལ་གྱིས་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོ་ལྗང་རི་ཀླུང་བརྟན་སྲུང་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-19

   

རང་ཁུལ་གྱིས་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོ་ལྗང་རི་ཀླུང་བརྟན་སྲུང་བྱས།

    ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྐྱེ་ཁམས་བསྐྱར་གསོའི་ལས་གྲྭར་ལག་བསྟར་ཤུགས་ཆེ་རུ་བཏང་སྟེ་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་དང་། གཅིག་ཐོག་བཞི་སྣོན་པའི་གཙོ་གནད་ཐོན་ཁུངས་ཀྱི་དོ་དམ་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཕྱོགས་བསྡུས་ཀྱི་ཐབས་ཇུས་སྤྱད་ནས་ས་ཆུ་ཤོར་ཚུལ་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    ཁུལ་ཡོངས་ཀྱིས་རྫོང6གི་ཆུ་ཡི་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་གྱི་ཇུས་གཞིར་མཆན་འགོད་བཀའ་ལན་དང་རྫོང2ཀྱི་ནོར་སྲིད་དཔྱད་བསྡུར་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་དང་། རི་ཐོག་ལ་ཤིང་འཛུགས་པ་དང་ལམ་འགྲམ་དུ་མེ་ཏོག་འདེབས་པ། གཙང་པོ་མཚེའུ﹙འདམ་ར﹚རུ་སྒྱུར་བ། སི་ཁྲོན་ནུབ་བྱང་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བྱེ་འགྱུར་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་ཤུགས་ཆེན་སྤེལ་ནས་ས་ཆུ་ཤོར་བའི་རྒྱ་ཁྱོན་མུའུ་ཁྲི13.71བཅོས་སྐྱོང་བྱས་ཡོད་པ་རེད།

    ཁུལ་ཡོངས་ཀྱིས་རིམ་པ་ཁག་དང་རིགས་སྣ་ཚོགས་ཀྱི་རང་བྱུང་སྲུང་སྐྱོང་བྱེད་ཁུལ44དང་རྒྱལ་ཁབ་རིམ་པའི་ནགས་ཚལ་གླིང་ག8འདམ་རའི་གླིང་ག17བཙུགས་ནས། སྲུང་སྐྱོང་ཁུལ་གྱི་གྲངས་འབོར་དང་རྒྱ་ཁྱོན་བཅས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད། ཞན་འགྱུར་རྩྭ་ར་མུའུ་ཁྲི199དང་ཆུ་ཡི་འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་ཤོར་ཚུལ་མུའུ་ཁྲི18.5བཅོས་སྐྱོང་བྱས་ནས་ཁུལ་ཡོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆ80ཡན་ཆད་ལ་ཟིན་ཡོད་པ་རེད།

     ཁུལ་ཡོངས་ཀྱིས་ནུས་པའི་འབྱུང་ཁུངས་གཙང་མ་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། ཆུ་གློག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི63.1གསར་སྣོན་བྱས་པ་དང་ཆུ་གློག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི1216.1ལ་ཟིན་པ་རེད། ལྷད་མེད་ཀྱི་ཞིང་ལས་ཁྱད་ཆོས་ལྡན་པའི་ཐོན་ལས་ལག་ལེན་བྱས་ནས་ལྗང་མདོག་སྐྱེ་ཁམས་ཀྱི་ཐོན་ལས་རྒྱུད་ཁུལ་མུའུ་ཁྲི30.84དང་། ཁྱད་ཆོས་ལྡན་པའི་ཐོན་ལས་རྟེན་གཞི་མུའུ་ཁྲི190.77བསྐྲུན་པ། ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་མཉམ་འདྲེས་ལྡུམ་ཁུལ8དང་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཞིང་ལས་ཐོན་རྫས186སྐྲུན་འགོ་ཚུགས་པ་རེད། སྐྱེ་ཁམས་དང་ཡུལ་སྐོར་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ1དངA4རིམ་པའི་མཛེས་ལྗོངས་ཁུལ12A3རིམ་པའི་མཛེས་ལྗོངས་ཁུལ16A2རིམ་པའི་མཛེས་ལྗོངས་ཁུལ1བཅསAརིམ་པའི་མཛེས་ལྗོངས་ཁུལ་ཁྱོན་བསྡོམས30ཡོད་པ་ལས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

     ཁུལ་ཡོངས་ཀྱིས་ཨར་ལས་རྒྱུ་ཆ་གསར་པས་སྲོལ་རྒྱུན་ཤིང་ཆའི་ཚབ་བྱས་ནས་ཁང་པ་བསྐྲུན་རྒྱུ་མགྱོགས་མྱུར་ལག་བསྟར་བཏང་ནས། ཨར་ལས་རྒྱུ་ཆ་གསར་པ་དུད་ཚང3746སྐྲུན་འགོ་བཙུགས་པ་དང་ཁྲིམས་འགལ་སྒྲིག་འགལ་ངང་ས་ཞིང་སྤྱོད་པའི་བྱ་སྤྱོད3746གཙང་བཤེར་བྱས་ནས་ཁྲིམས་ལུགས་དང་སྒྲིག་སྲོལ་ལ་གཞིགས་ནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་དབང8ཚུར་བསྡུས་བྱས་པ་དང་། གཏེར་རྫས་ཁེ་དབང97གཙང་སེལ་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་གྱི་ལུས་རྩལ་འགྲན་སྡུར་ནང་རང་ཁུལ་གྱི་གྲུབ་འབྲས་ཡག་པོ་ཐོབ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་།
  • དོ་སྣང་ཆེ་བའི་རྩོམ།