ཞིང་ཆེན་གྱི་ལུས་རྩལ་འགྲན་སྡུར་ནང་རང་ཁུལ་གྱི་གྲུབ་འབྲས་ཡག་པོ་ཐོབ།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-16

  

ཞིང་ཆེན་གྱི་ལུས་རྩལ་འགྲན་སྡུར་ནང་རང་ཁུལ་གྱི་གྲུབ་འབྲས་ཡག་པོ་ཐོབ།

   མིག་སྔར།  སི་ཁྲོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གིས་ལེགས་སྐྱེས་འགྲན་སྡུར་གྱི་རྣམ་གྲངས་ཁག་ཚ་ཚ་འུར་འུར་སྤེལ་བཞིན་ཡོད་པ་རེད།  རང་ཁུལ་གྱི་འགྲན་ཞུགས་རྣམ་གྲངས་མཆོང་རྒྱག་འཕེན་གསུམ་དང་སྦེ་ག  ཀོ་ཤུད་དམག་གྲུ   ལྗིད་འདེགས།  སྐྱེས་པའི་རྐང་གྲུག་ཚོ་ཆུང་གི་ཚོ་ཆུང05.06དང་ཚོ་ཆུང07.08བཅས་འགྲན་སྡུར་བྱས་ཟིན་ལ། ཁྱོན་བསྡོམས་གསེར་གྱི་རྟགས་མ2དང་དངུལ་གྱི་རྟགས་མ5། ཟངས་ཀྱི་རྟགས་མ3། ཨང་བཞི་པ1། ཨང་ལྔ་པ4། ཨང་དྲུག་པ1། ཨང་བརྒྱད་པ3བཅས་ཀྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

   དེའི་ནང་མའོ་ཀྲོན་ལན་གྱིས་མཆོང་རྒྱུག་འཕེན་གསུམ་ཀ་པའི་ཚོ་ཆུང་གི་བུད་མེད་ཚོ་ཆུང་སྨི3000འགྲོ་རྩལ་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས་པ་དང་། བཀྲ་ཤིས་དོན་གྲུབ་ཀྱིས་སྦེ་ག་རང་མོས་རྣམ་པ་ཁ་པའི་སྤྱི་རྒྱ75རིམ་པའི་གསེར་གྱི་རྟགས་མ་བླངས། ཝང་ཅི་ཧུང་གིས་མཆོང་རྒྱུག་འཕེན་གསུམ་བུད་མེད་ཚོ་ཆུང་ཁ་པའི་སྨི2000འགྲོ་རྩལ་འགྲན་སྡུར་གྱི་དངུལ་གྱི་རྟགས་མ་བླངས། ཞུའེ་ཅིན་ཁང་གིས་གནའ་བོའི་སྦེ་ག་སྤྱི་རྒྱ60རིམ་པའི་དངུལ་གྱི་རྟགས་མ་བླངས།  བསོད་ནམས་ལྷ་རྒྱལ་གྱིས་གནའ་བོའི་སྦེ་ག་སྤྱི་རྒྱ71རིམ་པའི་དངུལ་གྱི་རྟགས་མ་བླངས།  ལྷ་འབུམ་ཚེ་རིང་གིས་གནའ་བོའི་སྦེ་ག་སྤྱི་རྒྱ52རིམ་པའི་དངུལ་གྱི་རྟགས་མ་བླངས། བསྟན་འཛིན་དགའ་བས་ཀོ་ཤུད་དམག་གྲུའི་དངུལ་གྱི་རྟགས་མ་བླངས། ཞུང་ཐེན་དབྱིས་རང་མོས་རྣམ་པའི་སྦེ་གའི་ཚོ་ཆུང་ཀ་པའི་སྤྱི་རྒྱ61རིམ་པའི་ཟངས་ཀྱི་རྟགས་མ་བླངས། ཕེང་ཆང་གིས་གནའ་བོའི་སྦེ་གའི་སྤྱི་རྒྱ62རིམ་པའི་ཟངས་ཀྱི་རྟགས་མ་བླངས།  རྟ་མགྲིན་རྡོ་རྗེས་གནའ་བོའི་སྦེ་གའི་སྤྱི་རྒྱ52རིམ་པའི་ཟངས་ཀྱི་རྟགས་མ་བླངས་པ་རེད།།

  • ལེ་ཚན་སྔོན་མ།:བཞག་བྲ་རྟགས་བུམ་གྱི་ལྷ་སྒང་རྟ་རྒྱུག་སྐབས་དང་པོའི་མཐོང་ཐོས་ཟུར་བྲིས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོ་ལྗང་རི་ཀླུང་བརྟན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།