སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས། 2019-07-18
གཅིག རང་ཁུལ་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པའི་ཁྱབ་ཁོངས་གཏན་འཁེལ་ཇི་ལྟར་བྱས་ཡོད་རེད་ཟེར་ན།
ལན། ལོ་ན༡༦སོན་པའི(སློབ་གྲྭར་ཡོད་པའི་སློབ་མ་མི་ཐེ)རྒྱལ་ཁབ་ཀྱི་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣ་མིན་མཁན་གྱིས་ཐེམ་ཐོ་ཡོད་སར་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་ཆོག
གཉིས། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་ཐེབས་རྩ་གྲབས་གསོག་ཇི་འདྲ་བྱ་དགོས་རེད་ཟེར་ན།
ལན། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་ཐེབས་རྩ་ནི་མི་སྒེར་གྱིས་སྤྲད་པ་དང་། ཐུན་མོང་གིས་ཁ་གསབ་སྤྲད་པ། སྲིད་གཞུང་གིས་ཁ་གསབ་སྤྲད་པ་བཅས་ལས་གྲུབ་པ་རེད།
གསུམ། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་དངུལ་ཅི་འདྲ་སྤྲད་དགོས་རེད་ཟེར་ན།
ལན། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་མཁན་གྱིས་འོག་གི་ཚད་གཞི་ལྟར་རྒན་གསོའི་ཉེན་སྐྱོབ་མ་དངུལ་སྤྲད་དགོས་པ་སྟེ། སྤྲད་དངུལ་གྱི་ཚད་གཞི་སྒོར༡༠༠དང༢༠༠ ༣༠༠ ༤༠༠ ༥༠༠ ༦༠༠ ༧༠༠ ༨༠༠ ༩༠༠ ༡༠༠༠ ༡༥༠༠ ༢༠༠༠ ༣༠༠༠བཅས་གནས་རིམ་བཅུ་གསུམ་ཡོད་ཅིང་། ཉེན་སྐྱོབ་ཏུ་ཞུགས་མཁན་གྱིས་རང་མོས་ངང་གནས་རིམ་ཞིག་བདམ་ནས་དངུལ་སྤྲད་ཆོག་ཅིང་། དངུལ་ཡར་ཇི་ཙམ་སྤྲད་མང་ན་མར་བླང་རྒྱུ་ཡང་དེ་ཙམ་མང་བ་རེད།
བཞི། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་དངུལ་སྤྲད་པར་སྲིད་གཞུང་གིས་ཁ་གསབ་ཅི་འདྲ་སྤྲད་ཀྱི་རེད་ཟེར་ན།
ལན། སྲིད་གཞུང་གིས་གྲོང་ཡུལ་གཞིས་མི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པར་གཞི་རྩའི་ཁ་གསབ་སྤྲད་རྒྱུ་ཡིན་ཞིང་། སྲིད་གཞུང་གིས་གྲོང་ཡུལ་གཞིས་མི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པའི་སྤྲད་དངུལ་གྱི་གནས་རིམ་ལྟར་གཞི་རྩའི་ཁ་གསབ་སྤྲད་པ་སྟེ། ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར༤༠ལས་མི་དམའ་བ་དང་། སྤྲད་དངུལ་ཚད་གཞིའི་གནས་རིམ་སྒོར༡༠༠དང༢༠༠ ༣༠༠ ༤༠༠ ༥༠༠ ༦༠༠ ༧༠༠ ༨༠༠ ༩༠༠ ༡༠༠༠ ༡༥༠༠ ༢༠༠༠ ༣༠༠༠བཅས་འདེམས་མཁན་སོ་སོ་ལ་སྲིད་གཞུང་གིས་དེ་འཚམ་གྱིས་ལོ་རེར་མི་རེ་ལ་སྒོར༤༠དང༤༠ ༤༥ ༥༠ ༦༠ ༦༠ ༦༥ ༧༠ ༧༥ ༨༠ ༡༠༠ ༡༢༠ ༡༦༠བཅས་སྤྲད་རྒྱུ་རེད།
ལྔ། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་དངུལ་སྤྲད་སྟངས་ཅི་འདྲ་རེད་ཟེར་ན།
ལན། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་ནས་ལོ་འཁོར་ལྟར་དངུལ་སྤྲད་དགོས་པ་རེད། ལོ་རེའི་ཟླ་བ་དང་པོའི་ཚེས་གཅིག་ནས་ཟླ་བ༡༢པའི་ཚེས༣༡ཉིན་གྱི་བར་ནི་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་དངུལ་སྤྲད་པའི་ལོ་འཁོར་ཡིན། ལོ་རེའི་དངུལ་སྤྲད་པའི་བཅད་མཚམས་ནི་ཟླ་བ༡༢པའི་ཚེས༡༠ཡིན་པ་རེད། ལོ་འཁོར་གྱི་དངུལ་སྤྲད་བཅད་མཚམས་ལས་བརྒལ་ནས་དེ་ལོའི་རྒན་གསོ་ཉེན་སྐྱོབ་མ་དངུལ་མི་སྤྲོད་མཁན་ལ་དངུལ་སྤྲད་མཚམས་བཞག་པའི་ཁོངས་སུ་བརྩི་དགོས་པ་རེད། དངུལ་སྤྲད་མཚམས་བཞག་རྗེས་མུ་མཐུད་ནས་དངུལ་སྤྲད་འདོད་པ་ཡིན་ན། ཆད་པའི་ཆ་ཤས་དེ་ཁ་གསབ་བྱེད་ཆོག་ན་ཡང་ཆད་གསབ་བྱེད་པའི་ཆ་ཤས་དེའི་སྤྲད་དངུལ་གྱི་སྲིད་གཞུང་གི་ཁ་གསབ་མི་རག་པ་རེད། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣས་ཉེན་སྐྱོབ་ཏུ་ཞུགས་པའི་ཐོ་འགོད་བྱེད་པའི་སྐབས་ནས་རང་གི་དངུལ་སྤྲོད་པའི་གནས་རིམ་བདམས་ནས་དེ་ལོའི་དངུལ་སྤྲད་པའི་གཞི་འཛིན་སར་བྱེད་པ་དང་། ལོ་དེར་འགྱུར་ལྡོག་གཏོང་མི་ཆོག དངུལ་སྤྲད་པའི་གནས་རིམ་འཕོ་འགྱུར་གཏང་འདོད་ན་སྔོན་ལོའི་ཉེན་སྐྱོབ་ཏུ་ཞུགས་མཁན་གྱིས་ལོ་རེའི་དངུལ་སྤྲོད་ལོ་འཁོར་གྱི་སྔོན་ལ་འཕོ་འགྱུར་གཏོང་བའི་རེ་བ་ཞུ་དགོས་ཤིང་། ལོ་རེར་འཕོ་འགྱུར་ཐེངས་གཅིག་ལས་གཏོང་མི་ཆོག་པ་དང་། དངུལ་སྤྲད་པའི་གནས་རིམ་འཕོ་འགྱུར་གཏོང་བའི་རེ་བ་ཞུ་མེད་པ་ཡིན་ན་ལོ་གོང་མའི་དངུལ་སྤྲད་གནས་རིམ་ལྟར་ལག་ལེན་བསྟར་དགོས།
དྲུག གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་མ་དངུལ་གྱི་ལྟ་སྐྱོང་རྩིས་ཐབས་ཅི་འདྲ་རེད་ཟེར་ན།
ལན། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར། རྒན་གསོ་ཉེན་སྐྱོབ་མ་དངུལ་ནི་རྨང་གཞིའི་རྒན་གསོ་མ་དངུལ་དང་མི་སྒེར་གྱི་རྩིས་ཚན་རྒན་གསོ་མ་དངུལ་ལས་གྲུབ་པ་དང་། མི་ཚེ་གཅིག་ལ་སྤྲད་ཀྱི་རེད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞིའི་རྨང་གཞིའི་རྒན་གསོ་མ་དངུལ་ཟླ་རེར་མི་རེར་སྒོར༨༨ཡོད་པ་དེ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་ཚང་ཁ་གསབ་བྱ་རྒྱུ་རེད། སི་ཁྲོན་ཞིང་ཆེན་གྱི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཚད་གཞིའི་རྨང་གཞིའི་ཐོག མི་རེར་ཟླ་རེར་སྒོར༡༢ཁ་སྣོན་བྱ་རྒྱུ་དང་ཁ་སྣོན་གྱི་ཆ་ཤས་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་ཚང་འགན་འཁུར་བ་རེད། དཀར་མཛེས་ཁུལ་གྱི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་ནི་ཀྲུང་དབྱང་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཚད་གཞིའི་རྨང་གཞིའི་ཐོག མི་རེར་ཟླ་རེར་སྒོར་གཅིག་ཁ་སྣོན་བྱ་རྒྱུ་དང་(༢༠༡༤ལོར་ལག་ལེན་བསྟར་ཡོད།)(ཕྱིན་ཆད་ལོ་རེར་སྒོར་རེ་བསྣན་རྒྱུ།)ཁ་སྣོན་གྱི་ཆ་ཤས་དེ་ཁུལ་དང་རྫོང་ནོར་སྲིད་ཀྱིས་འགན་འཁུར་བ་རེད། མི་སྒེར་གྱི་རྩིས་ཚན་གྱི་རྒན་གསོ་མ་དངུལ་གྱི་ཟླ་རེའི་རྩིས་ཐབས་ཚད་གཞི་ནི་བགོ་བྱ་མི་སྒེར་གྱི་རྩིས་ཚན་གྱི་གསོག་དངུལ་ཁ་ཚང་གིས་བགོ་བྱེད་གྲངས་ཀ༡༣༩བགོས་ནས་ཐོབ་པ་རེད། ཉེན་སྐྱོབ་ཏུ་ཞུགས་པའི་མི་སྒེར་གྱི་རྩིས་ཚན་གྱི་མ་དངུལ་བླངས་ཚར་ན་ཡང་། སྲིད་གཞུང་གིས་མུ་མཐུད་ནས་དེ་ལ་ཚེ་གཅིག་གི་མི་སྒེར་གྱི་རྩིས་ཚན་གྱི་རྒན་གསོ་མ་དངུལ་སྤྲད་ཀྱི་རེད།
བདུན། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་མི་སྒེར་གྱི་རྩིས་ཚན་ཅི་འདྲ་བྱས་ནས་བཟོ་དགོས་རེད་ཟེར་ན།
ལན། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་སྒྲུབ་གཉེར་ལས་ཁུངས་ཀྱིས་ཉེན་སྐྱོབ་ཏུ་ཞུགས་མཁན་ཚང་མར་ཚེ་གཅིག་ལ་ཐོ་འགོད་བྱས་པའི་རྒན་གསོ་ཉེན་སྐྱོབ་རྩིས་ཚན་བཟོས་ཡོད། མི་སྒེར་གྱི་སྤྲད་དངུལ་དང་ཐུན་མོང་གི་ཁ་གསབ། དེ་བཞིན་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྩ་འཛུགས་དང་། སྤྱི་ཚོགས་སྤྱི་ཕན་རྩ་འཛུགས། མི་སྒེར་བཅས་ཀྱིས་ཉེན་སྐྱོབ་ཏུ་ཞུགས་མཁན་ལ་རོགས་དངུལ་བྱིན་པ་དང་། ས་གནས་སྲིད་གཞུང་གིས་ཉེན་སྐྱོབ་ཏུ་ཞུགས་མཁན་ལ་ཁ་གསབ་སྤྲད་པ་ཐམས་ཅད་མི་སྒེར་གྱི་རྩིས་ཚན་དུ་བཅུག་པ་རེད། ད་སྔར་མི་སྒེར་གྱི་རྩིས་ཚན་གྱི་ལོ་རེའི་གསོག་དངུལ་གྲངས་ཀ་ནི་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་ལོ་གཅིག་དུས་ཡུན་གྱི་དུས་མཚུངས་བཅོལ་དངུལ་གྱི་དུས་སྒོ་ངེས་མེད་ཀྱི་ལྟ་སྐྱོང་ཁེ་སྐྱེད་ལ་གཞིགས་ནས་བརྩིས་པ་རེད།
བརྒྱད། གྲོང་ཡུལ་གཞིས་མི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་རྗེས་གནས་ཚུལ་ག་འདྲའི་འོག་ཏུ་ཉེན་སྐྱོབ་ལས་ཕྱིར་འཐེན་ཆོག་པ་རེད་ཟེར་ན།
ལན། ཉེན་སྐྱོབ་ཏུ་ཞུགས་མཁན་རྒྱལ་ཕྱིར་(རྒྱལ་ཁོངས་ལས་བརྒལ་བ)གཏན་སྡོད་བྱས་པ་དང་། ཤི་བ་ཡིན་ན། འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ་མཁོ་འདོན་བྱས་ཤིང་། རྫོང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཞིབ་དཔྱད་བྱས་རྗེས་གཞི་ནས་ཉེན་སྐྱོབ་ལས་ཕྱིར་འཐེན་པའི་འགྲོ་ལུགས་སྒྲུབ་ཆོག་པ་རེད།
དགུ། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པའི་ལྟ་སྐྱོང་སྲིད་ཇུས་ཅི་འདྲ་རེད་ཟེར་ན།
ལན། གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པའི་དབང་སྐྱོན་མི་སྣ་ཚབས་ཆེན(རིམ་པ་དང་པོ་དང་གཉིས་པ།)དང་། ཁེར་སྐྱེས་བུ་ཕྲུག་ཤི་རྨས་དང་དབང་སྐྱོན་ཡོད་པའི་ཁྱིམ་ཚང་(ཁེར་སྐྱེས་བུ་ཕྲུག་ལ་རིམ་པ་གསུམ་པ་ཡན་གྱི་དབང་སྐྱོན་ཡོད་པ་དང་ཡང་ན་ཤི་བར་མ་ཟད་དེའི་རྗེས་ནས་བུ་རྒྱུད་སྐྱེ་མེད་པའམ་བུ་རྒྱུད་གསོ་ཉར་བྱེད་མེད་པའི་ཁྱིམ་ཚང་ལ་ཟེར།)གི་བཟའ་ཚང་ལ། སྲིད་གཞུང་གིས་སྒོར༥༠༠ཡི་ཚད་གཞི་ལྟར་དེ་ལ་རྒན་གསོ་ཉེན་སྐྱོབ་མ་དངུལ་སྤྲད་པ་དང་ཆབས་ཅིག སྤྲད་དངུལ་གནས་རིམ་ལྟར་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་ཡང་རག་པ་རེད། ༢༠༡༨ལོ་ནས་བཟུང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཐར་བྱུང་མེད་པའི་མི་སྣ་དང་མ་མཐའི་འཚོ་དངུལ་སྤྲད་ཡུལ་མི་སྣ། དམིགས་བསལ་དཀལ་ངལ་ཡོད་པའི་མི་སྣ་བཅས་ཀྱི་ཚོགས་པ་དབུལ་ཕོངས་རྣམས་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཏུ་ཞུགས་པའི་ཚེ། སྲིད་གཞུང་གིས་ཆེས་དམའ་བའི་ཚད་གཞི་(ལོ་རེར་མི་རེར་སྒོར༡༠༠)ལྟར་དེའི་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་མ་དངུལ་སྤྲད་རོགས་བྱ་རྒྱུ་རེད།
བཅུ། རྒན་གསོའི་ཉེན་སྐྱོབ་མ་དངུལ་ལེན་པའི་སྐབས་སུ་འགྲོ་ལུགས་སྒྲུབ་སྟངས་ཅི་འདྲ་རེད་ཟེར་ན།
ལན། ལྟ་སྐྱོང་ལེན་པའི་ཆ་རྐྱེན་ཚང་བའི་ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣ(ལོ་༦༠སོན་པ།)ཡིས་ཐེམ་ཐོ་དེབ་དང་མི་རང་གི་གཞིས་མིའི་ཐོབ་ཐང་ལག་ཁྱེར། སྤྱི་ཚོགས་འགན་སྲུང་བྱང་བུ་བཅས་འབྲེལ་ཡོད་ཡིག་ཆ་ཁུར་ནས་ཐེམ་ཐོ་ཡོད་སའི་ཡུལ་གྲོང་གི་ཞབས་ཞུའི་ལྟེ་གནས་སུ་ཕྱིན་ནས་ལྟ་སྐྱོང་ལེན་པའི་འགྲོ་ལུགས་བསྒྲུབ་དགོས། རྒན་གསོའི་མ་དངུལ་ནི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ཀྱིས་དམིགས་འཛུགས་དངུལ་རྩ་ལས་ཁུངས་ལ་མངགས་བཅོལ་བྱས་ནས་ཟླ་རེ་ལྟར་སྤྲད་རྒྱུ་རེད།
དཔེར་ན། བཀྲ་ཤིས་ཀྱི་རྒན་གསོ་མ་དངུལ་ལོ༡༠སྤྲད་ཡོད་ལ། ལོ་རེར་སྒོར༡༠༠རེ་སྤྲད་ཡོད་ན། ད་སྔའི་སྲིད་ཇུས་ལྟར་ལོ༦༠སོན་དུས་ཟླ་རེ་ལ་རྒན་གསོ་མ་དངུལ་སྒོར༡༡༦.༠༧ལེན་ཆོག་པ་དང་། ལོ་རེར་སྒོར༥༠༠རེ་སྤྲད་ཡོད་ན། ཟླ་རེར་རྒན་གསོ་མ་དངུལ་སྒོར༡༤༦.༢༩ལེན་ཆོག ལོ་རེར་སྒོར༡༥༠༠རེ་སྤྲད་ཡོད་ན། ཟླ་རེར་རྒན་གསོ་མ་དངུལ་སྒོར༢༢༡.༡༡ལེན་ཆོག ལོ་རེར་སྒོར༣༠༠༠རེ་སྤྲད་ཡོད་ན། ཟླ་རེར་རྒན་གསོ་མ་དངུལ་སྒོར༣༣༣.༣༤ལེན་ཆོག་པ་ལྟ་བུ་རེད།
ཡང་དཔེར་ན། ལྷ་མོས་རྒན་གསོ་མ་དངུལ་ལོ༢༠སྤྲད་ཡོད་ལ། ལོ་རེར་སྒོར༡༠༠རེ་སྤྲད་ཡོད་ན། ད་སྔའི་སྲིད་ཇུས་ལྟར་ལོ༦༠སོན་དུས་ཟླ་རེ་ལ་རྒན་གསོ་མ་དངུལ་སྒོར༡༢༦.༡༤ལེན་ཆོག་པ་དང་། ལོ་རེར་སྒོར༥༠༠རེ་སྤྲད་ཡོད་ན། ཟླ་རེར་རྒན་གསོ་མ་དངུལ་སྒོར༡༨༦.༥༨ལེན་ཆོག ལོ་རེར་སྒོར༡༥༠༠རེ་སྤྲད་ཡོད་ན། ཟླ་རེར་རྒན་གསོ་མ་དངུལ་སྒོར༣༣༦.༢༢ལེན་ཆོག ལོ་རེར་སྒོར༣༠༠༠རེ་སྤྲད་ཡོད་ན། ཟླ་རེར་རྒན་གསོ་མ་དངུལ་སྒོར༥༦༠.༦༨ལེན་ཆོག་པ་ལྟ་བུ་རེད།
༢༠༡༩ལོའི་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ལྟ་སྐྱོང་ལེན་པའི་ཚོད་རྩིས་རེའུ་མིག
རུས་མིང་། | དངུལ་སྤྲད་པའི་ལོ་ཚད། | ལོ་རེའི་ཆ་སྙོམས་སྤྲད་དངུལ། | ལོ་རེའི་ཆ་སྙོམས་ཁ་གསབ་ཚད་གཞི། | ནོར་སྲིད་ཀྱི་ཁ་གསབ་བསྡོམས་འབོར། | མི་སྒེར་གྱི་རྩིས་ཚན་བསྡོམས་འབོར། | ལྟ་སྐྱོང་བཏགས་གྲངས། | རྨང་གཞིའི་རྒན་གསོ་མ་དངུལ། | ཟླ་རེའི་ལྟ་སྐྱོང་ལེན་པའི་དངུལ་གྲངས། |
བཀྲ་ག་གེ་མོ | ༡༠ | ༡༠༠ | ༤༠ | ༤༠༠ | ༡༤༠༠ | ༡༣༩ | ༡༠༦ | ༡༡༦.༠༧ |
༡༠ | ༥༠༠ | ༦༠ | ༦༠༠ | ༥༦༠༠ | ༡༣༩ | ༡༠༦ | ༡༤༦.༢༩ | |
༡༠ | ༡༥༠༠ | ༡༠༠ | ༡༠༠༠ | ༡༦༠༠༠ | ༡༣༩ | ༡༠༦ | ༢༢༡.༡༡ | |
༡༠ | ༣༠༠༠ | ༡༦༠ | ༡༦༠༠ | ༣༡༦༠༠ | ༡༣༩ | ༡༠༦ | ༣༣༣.༣༤ | |
དོན་ག་གེ་མོ། | ༡༥ | ༡༠༠ | ༤༠ | ༦༠༠ | ༢༡༠༠ | ༡༣༩ | ༡༠༦ | ༡༢༡.༡༡ |
༡༥ | ༥༠༠ | ༦༠ | ༩༠༠ | ༨༤༠༠ | ༡༣༩ | ༡༠༦ | ༡༦༦.༤༣ | |
༡༥ | ༡༥༠༠ | ༡༠༠ | ༡༥༠༠ | ༢༤༠༠༠ | ༡༣༩ | ༡༠༦ | ༢༧༨.༦༦ | |
༡༥ | ༣༠༠༠ | ༡༦༠ | ༢༤༠༠ | ༤༧༤༠༠ | ༡༣༩ | ༡༠༦ | ༤༤༧.༠༡ | |
ལྷ་ག་གེ་མོ། | ༢༠ | ༡༠༠ | ༤༠ | ༨༠༠ | ༢༨༠༠ | ༡༣༩ | ༡༠༦ | ༡༢༦.༡༤ |
༢༠ | ༥༠༠ | ༦༠ | ༡༢༠༠ | ༡༡༢༠༠ | ༡༣༩ | ༡༠༦ | ༡༨༦.༥༨ | |
༢༠ | ༡༥༠༠ | ༡༠༠ | ༢༠༠༠ | ༣༢༠༠༠ | ༡༣༩ | ༡༠༦ | ༣༣༦.༢༢ | |
༢༠ | ༣༠༠༠ | ༡༦༠ | ༣༢༠༠ | ༦༣༢༠༠ | ༡༣༩ | ༡༠༦ | ༥༦༠.༦༨ | |
པད་ག་གེ་མོ། | ༣༠ | ༡༠༠ | ༤༠ | ༡༢༠༠ | ༤༢༠༠ | ༡༣༩ | ༡༠༦ | ༡༣༦.༢༢ |
༣༠ | ༥༠༠ | ༦༠ | ༡༨༠༠ | ༡༦༨༠༠ | ༡༣༩ | ༡༠༦ | ༢༢༦.༨༦ | |
༣༠ | ༡༥༠༠ | ༡༠༠ | ༣༠༠༠ | ༤༨༠༠༠ | ༡༣༩ | ༡༠༦ | ༤༥༡.༣༢ | |
༣༠ | ༣༠༠༠ | ༡༦༠ | ༤༨༠༠ | ༩༤༨༠༠ | ༡༣༩ | ༡༠༦ | ༧༨༨.༠༡ |
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10