རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

བདེ་ཆེན་གྱིས་བསྒྱུར།        2019-07-17

  

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

    སྤྱི་ཟླ7པའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་ཐོག་ཀྲུང་གུང་རྟའུ་རྫོང་ཨུ་དང་རྟའུ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྟའུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་སྒྲུབ་འགན་ཁུར་བའི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གཟི་བརྗིད་བུམ་པ་རྟགས་མའི་ནས་ལྡེའུ་ཕྱུག་མོའི་རི་འཛེག་འགྲན་སྡུར་དེ་རྟའུ་རྫོང་ལུས་རྩལ་ཁང་དུ་སྤེལ་བ་རེད།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

    རྫོང་དེ་གའི་ལས་ཁུངས་དང་ཡུལ་ཤོག་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་ལུས་རྩལ་པ228མཉམ་དུ་འཛོམས་ཏེ་ནས་ལྡེའུ་ཕྱུག་མོའི་རི་རྩེ་བར་དུ་འཛེག་པའི་འགྲན་སྡུར་བྱས་ཡོད་པ་རེད།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།


རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

    ཐེངས་འདིའི་རི་འཛེག་འགྲན་སྡུར་ནི་རྟའུ་རྫོང་གི་ལྔ་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པའི་ནང་གསེས་ཀྱི་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྟའུ་རྫོང་ཨུའི་ཞིང་ལས་ཡུལ་སྐོར་འདེགས་སྐྱོར་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ། རྟའུ་རྫོང་གི་ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་སྟེ། རིག་གནས་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་། ཟམ་མི་ཆད་པར་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ། རྟའུ་རྫོང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཏེ་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། རྟའུ་ཡི་ཕྱི་ཕྱོགས་དྲིལ་བསྒྲགས་དང་མཚན་སྙན་ཆེ་རུ་བཏང་སྟེ་རྟའུ་རིག་གནས་ཡུལ་སྐོར་ཁུལ་དང་རྒྱལ་ཕྱི་ནང་དུ་ཁྱབ་གདལ་བཏང་བ་རེད།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།
རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

   རྟའུ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་རི་འཛེག་འགྲན་སྡུར་དེ་དུས་ཚོད་ལྟར་འགྲན་སྡུར་བྱེད་སྟངས་སྤྱད་དེ་སྐྱེས་པ་ཚོ་ཆུང་དང་བུད་མེད་ཚོ་ཆུང་། ཚོགས་པ་ཚོ་ཆུང་བཅས་སུ་ཕྱེ་ཡོད་པ་དང་། འགྲན་སྡུར་གྱི་ལམ་ཐག་སྤྱི་ལེ5ཡིན་ལ། རི་འདབས་ནས་རི་རྩེར་བར་མཚོ་འཕགས་སྨི1000ཡི་འབབ་ཆུའི་གཟར་ཚད་ཡོད་པས། འགྲན་སྡུར་ཧྲིལ་པོ་ནི་འགྲན་ཞུགས་མི་སྣའི་ལུས་ཤུགས་དང་སྒུལ་ཤུགས་ཚོད་བགམ་ཉིས་བརྩེགས་བྱས་པ་རེད།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

རྟའུ་ནས་ལྡེའུ་ཕྱུག་མོར་རི་འཛེག་འགྲན་སྡུར་སྤེལ།

    ཆུ་ཚོད་གཅིག་ལྷག་ཙམ་འགྲན་སྡུར་བྱས་པ་བརྒྱུད་དེ་ཐེངས་འདིའི་རི་འཛེག་འགྲན་བསྡུར་གྱི་ཕོ་མོའི་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ལེན་པ་རེད།  རྟའུ་རྫོང་དབུས་ཐང་ཡུལ་ཤོག་ནས་ཡོང་བའི་སྐལ་བཟང་དབང་མོས་སྐར་མ39དང་སྐར་ཆ39ཡིས་བུད་མེད་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ལེན་པ་དང་། དཔལ་སྨད་གྲོང་རྡལ་སྔོ་ཉ་གྲོང་སྡེ་ནས་ཡོང་བའི་འགྱུར་མེད་ཀྱིས་སྐར་མ36དང་སྐར་ཆ35ཡིས་སྐྱེས་པ་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ལེན་པ་རེད།།

 


  • ལེ་ཚན་སྔོན་མ།:ལུང་བསྟན་རྩྭ་ཐང་དུ་གཟུགས་མེད་རིག་གནས་ཀྱི་དྲི་བསུང་འཐུལ།
  • ལེ་ཚན་རྗེས་མ།:དྲི་བ་དྲིས་ལན་གྱི་ཐོག་ནས་དཀར་མཛེས་ཁུལ་གྲོང་ཡུལ་གཞིས་མིའི་རྒན་གསོ་ཉེན་སྐྱོབ་ཀྱི་སྲིད་ཇུས་གསེད་བཀྲོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།