ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2019-06-19

    སྤྱི་ཟླ6པའི་ཚེས12ཉིན། ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་ཝང་དབྱང་རང་ཁུལ་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་གཟིགས་ཞིབ་གནང་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ལག་བསྟར་བྱས་པར་ཕྱིར་བལྟས་གྲལ་བཤེར་ཆེན་པོའི་ལས་ཀ་བཀོད་སྒྲིག་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དབུལ་སྐྱོར་ཆེད་གཞི21དང་ཉག་ཆུ་སྟོད་རྒྱུད་ཀྱི་རྫོང་བཞིའི་མུ་འབྲེལ་ས་ཁུལ་གྱི་ཤིན་ཏུ་དབུལ་ཕོངས་ཡུལ་ཤོག24ཡིས་དབུལ་ཐར་ལས་ཀ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ལ་ཉན་འཇོག་བྱས་པ་རེད། གཞན་ཡང་ཕྱིན་ཆད་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀར་བཀོད་སྒྲིག་བྱས་པས་མ་ཚད། ད་དུང《དཀར་མཛེས་ཁུལ་གྱི་སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་དོན་འཁྱོལ་བྱས་ཚུལ་ཕྱིར་བལྟས་གྲལ་བཤེར་ཆེན་པོའི་ལས་ཀའི་ཇུས་གཞི》ལ་གྲོས་ཞིབ་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་དུ་རིམ་པ་ཁག་དང་སྡེ་ཁག་སོ་སོས་གཅིག་ནི་བློ་མཐུན་ཝང་དབྱང་རང་ཁུལ་དུ་གཟིགས་ཞིབ་ཕེབས་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ནས་ཏན་ཏིག་གིས་དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། གཉིས་ནི་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིས་སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ལག་བསྟར་བྱས་པར་ཕྱིར་བལྟས་གྲལ་བཤེར་ཆེན་པོ་ཏན་ཏིག་སྤེལ་དགོས། གསུམ་ནི་ལོ་འཁོར་གྱི་དབུལ་ཞྭ་ཕུད་པའི་དམིགས་འབེན་ལ་དམིགས་ནས་ཨར་པོ་རྒྱག་འོས་པའི་དུས་རིམ་ནན་འཛིན་བྱས་ཏེ་མཐའ་གཅིག་ཏུ་དབུལ་ཐར་འགག་སྒྲོལ་ཆེན་པོ་ལས་རྒྱལ་ཁ་ཐོབ་པ་བྱ་དགོས། བཞི་ནི་དབུལ་ཐར་སྤུས་ཚད་མཐོར་འདེགས་ཏན་ཏིག་གཏོང་བར་དམིགས་ནས་དབུལ་ཐར་ལས་ཀའི་རྨང་གཞི་སྲ་བརྟན་དུ་གཏང་དགོས། ལྔ་ནི་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སློང་བར་དམིགས་ནས་ཟམ་མི་ཆད་པར་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏང་དགོས། དྲུག་ནི་ཏན་ཏིག་གིས་རྒྱལ་ཁབ་ཀྱིས་ཞིབ་བཤེར་དང་ལེན་བྱ་རྒྱུའི་འབྲེལ་ཡོད་ལས་ཀ་ཡག་མོ་བསྒྲུབ་དགོས། བདུན་ནི་དབུལ་ཐར་འགག་སྒྲོལ་གྱི་འཐབ་ས་དང་པོའི་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་མུ་མཐུད་ནས་རྒྱུན་འཁྱོངས་བྱ་དགོས། བརྒྱད་ནི་དབུལ་ཐར་འགག་སྒྲོལ་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་དུ་གཏང་དགོས།།

  • ལེ་ཚན་སྔོན་མ།:བདེ་སྐྱིད་ནི་རང་གིས་འབད་བརྩོན་བྱས་པ་ལས་བྱུང་།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་གཟི་བརྗིད་འགྲེམ་བྱང་འགེལ་བའི་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།