གསེར་ཐར་རྫོང་གིས་གཟི་བརྗིད་འགྲེམ་བྱང་འགེལ་བའི་མཛད་སྒོ་སྤེལ།

ཀུན་དབང་།        2019-06-24

ཉེ་ཆར། གསེར་ཐར་རྫོང་གིས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དམག་མིའི་ཁྱིམ་མི། དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མིའི་ཁྱིམ་ཚང་བཅས་ལ་གཟི་བརྗིད་འགྲེམ་བྱང་འགེལ་བ་དང་གཟི་བརྗིད་རྟགས་མ་སྤྲོད་པའི་མཛད་དེ་གསེར་ཐར་ཐང་ཆེན་དུ་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཧུ་པིའོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

བྱེད་སྒོ་རུ་དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མིའི་འཐུས་ཚབ་ཀྱིས་གཏམ་བཤད་བྱས་པ་དང་། འཕྲིན་དགའ་དང་སྐྱ་ཐོ་མ་སོགས་དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མིའི་འཐུས་ཚབ་མི་བཅུ་ལྷག་ལ་གཟི་བརྗིད་རྟགས་མ་གནང་ཡོད་པ་རེད།

པིའོ་ཡིས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཚབ་བྱས་ཏེ་གཟི་བརྗིད་རྟགས་མ་གནང་བའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དམག་མིའི་ཁྱིམ་མི། དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མིའི་ཁྱིམ་བདག་བཅས་ལ་རྟེན་འབྲེལ་ཞུས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བྱ་བཞག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧུ་པིའོ་ཡིས་བསྟན་དོན། གཟི་བརྗིད་ཅན་གྱི་ཁྱིམ་ཚང་གི་རྟགས་མ་གནང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“དཔའ་བོ་ཟུངས་ཁྲག་བཞུར་བ་ལས་ཁྱིམ་མིར་མིག་ཆུ་བཞུར་དུ་མི་འཇུག”ཅེས་པ་དང་།“དམག་མི་ནི་སྤྱི་ཚོགས་ཀྱི་ཆེས་གུས་བཀུར་བྱ་ཡུལ་གྱི་ལས་གནས་སུ་བརྩི་བར”བྱེད་པའི་དགོངས་པ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་ཡིན།དམག་མི་ཡོད་ཚེ་དམིགས་བསལ་ཡོད་པའི་སྲོལ་བཟང་དར་སྤེལ་དང་དམག་མིའི་གཟི་བརྗིད་ལམ་ལུགས་འཛུགས་སྐྱོང་གི་ཐབས་ཇུས་ལག་བསྟར་ཡིན་བྱས་པ་ལ།ཏང་དང་སྲིད་གཞུང་གི་དམག་མི་དང་དམག་མིའི་ཁྱིམ་ཚང་ལ་གནང་བའི་དམིགས་བསལ་གྱི་ཆབ་སྲིད་གཟི་བརྗིད་ཞིག་ཀྱང་ཡིན་པ་རེད། དམག་མི་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་གནང་བའི་དམིགས་བསལ་ལྟ་རྟོག་ཡིན་ལ།ཏང་དང་སྲིད་གཞུང་གི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དམག་མིའི་ཁྱིམ་མི། དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མི་བཅས་ཀྱི་ཚོགས་སྤྱི་འདིར་གནང་བའི་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའང་མཚོན་པ་རེད།

ཧུ་པའེ་ཡིས་ནན་བཤད་གནང་དོན། དུས་རབས་གསར་པའི་དམག་ཁོངས་ལས་ཐོན་པའི་དམག་མིའི་ལས་དོན་བསྒྲུབ་དགོས་ཚེ་འགན་འཁྲི་རི་ལྟར་ལྕི་ཞིང་གཟི་བརྗིད་འོད་ལྟར་འཚེར། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བཀོད་སྒྲིག་ནན་ཏན་བྱེད་པ་དང་། རིམ་པ་རེ་རེ་བཞིན་ལས་འགན་ལག་བསྟར་བྱས་ནས་གཟི་བརྗིད་རྟགས་མ་འགེལ་བར་ཁྱིམ་ཚང་དང་མི་སྒེར་གཅིག་ཀྱང་མ་ལུས་པར་ཁག་ཐེག་ཐོབ་དགོས་ལ། རྒྱ་ཆེའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དམག་མིའི་ཁྱིམ་མི།དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མིའི་ཁྱིམ་མི་བཅས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ཚོར་ཡང་ཡོད་པ་བྱ་དགོས་པར་མ་ཟད། ཐེངས་འདིར་བྱེད་སྒོ་འདི་ལྟ་བུ་སྤེལ་བ་བརྒྱུད། དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མིའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། སྔར་ལྷག་གིས་དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མིར་ཞབས་ཞུ་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་མུ་མཐུད་དེ་རྒྱ་ཆེའི་དམག་མི་དང་ཁྱིམ་མིའི་གཟི་བརྗིད་འདུ་ཤེས་དང་ཐོབ་སྣང་གི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་ལ།སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དམག་མི་དང་དམག་མིའི་ཁྱིམ་མི་ལ་བརྩི་བཀུར་དང་ཐུགས་ཁུར། བྱམས་སྐྱོང་གནང་བར་བརྒྱུད། རྒྱལ་སྲུང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་དབུལ་སྐྱོར་རོགས་རམ་གྱི་ལས་ཀ་གཉེར་དགོས། སྤྱི་ཚོགས་ཡོངས་སུ“རྒྱལ་སྲུང་ལ་སེམས་ཁུར་དང་དམག་མིར་གཅེས་སྐྱོང་། དམག་མིར་བརྩི་བཀུར། དཔའ་བོར་གོང་བཀུར”བཅས་བྱེད་པའི་རྣམ་པ་ཆགས་པར་བྱ་དགོས། རྒྱ་ཆེའི་དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མི་དག་གིས་ཀྱང་ཐོག་མའི་བསམ་འདུན་མི་བརྗེད་པར་རང་ཚུགས་བརྟན་སྲུང་སྒོས་དམག་ཞུགས་བཀའ་རྒྱ་དང་དམག་མིའི་སྤྱོད་བཟང་དར་སྤེལ་བྱེད་པ། དམག་མིའི་སྣང་བརྙན་དང་ཁྲིམས་སྲུང་སྒྲིག་བརྩིའི་བྱེད་པའི་དམག་མིའི་རང་བཞིན་རྒྱུན་འཛིན་བྱ་དགོས། དམག་ཁོངས་ལས་ཕྱིར་ཐོན་ཀྱང་དམ་ཚིག་མི་འདོར་བ། དམག་ཁོངས་ལས་ཕྱིར་ཐོན་ཀྱང་བསམ་བློའི་སྙིང་སྟོབས་ཀྱི་རང་མདངས་མི་ཡལ་བ། ཧུར་ཐག་གིས་རྒྱལ་གཅེས་དམངས་གཅེས་ཀྱི་དཔེ་སྟོན་མི་སྣ་བྱེད་པ་དང་ལས་ལ་བརྩོན་པའི་གདོང་མཆོང་བ། སྤྱི་ཚོགས་ཞབས་ཞུའི་མིག་དཔེ་ཡོང་བར་དགོས་པ་དང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་ཕྱུག་གི་གསེར་ཐར་འཛུགས་སྐྲུན་ཁྲོད་གྲུབ་འབྲས་གསར་བ་དང་མཛད་རྗེས་གསར་བ་འཇོག་པར་བརྩོན་ལེན་བྱ་དགོས།

རྫོང་དྲག་ཆས་པུའུ་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་དང་ཁུལ་རིམ་པའི་སྲིད་འཛིན་ཁེ་ལས་ཀྱི་འགན་འཁུར་མི་སྣ་མཛད་སྒོའི་ནང་ཞུགས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་ལ་ད་ལོའི་སྔོན་གྱི་ཟླ་བ5ནང་གཙོ་གནད་ལས་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར101.69གྲུབ།
  • དོ་སྣང་ཆེ་བའི་རྩོམ།