ཕྱི་རྒྱལ་བ་ཚོས་ཟོག་གི་ལྕི་བ་ཡན་ལ་ཞིབ་འཇུག་བྱས་འདུག

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2019-06-04

ཕྱི་རྒྱལ་བ་ཚོས་ཟོག་གི་ལྕི་བ་ཡན་ལ་ཞིབ་འཇུག་བྱས་འདུག

     ནོར་ཕྱུགས་ཀྱི་ལུས་ཧྲིལ་པོ་དང་ཐ་ན་ལྕི་བ་ཡན་ཆད་ནོར་བུ་ཡིན་པའི་བཤད་སྲོལ་དེ་ད་ཆ་འཇར་པན་གྱི་ཚན་རིག་པ་ཞིག་གིས་ལོ་བཞིའི་རིང་ཞིབ་འཇུག་བྱས་ནས་བདེན་པ་ཡིན་པ་ར་འཕྲོད་བྱུང་འདུག་སྟེ། ལོ་བདུན་སྔོན་ལ་ཚན་རིག་པ་དེས་སོག་པའི་རྩྭ་ཐང་ནས་ལྕི་བ་ཁྱེར་ཏེ་ཞིབ་འཇུག་བྱས་མཐར་རྩྭ་ཐང་གི་ཟོག་གི་ལྕི་བས་སྐྱེ་དངོས་ཕྲ་རབ་ཀྱི་ནད་དུག300ལྷག་གསོད་ཐུབ་པའི་མཇུག་འབྲས་ཐོབ་པ་རེད།


ཕྱི་རྒྱལ་བ་ཚོས་ཟོག་གི་ལྕི་བ་ཡན་ལ་ཞིབ་འཇུག་བྱས་འདུག

   སོག་པོའི་མེས་པོ་རྣམས་ཀྱིས་སྔར་ནས་ལྕི་བས་ནད་དུག་གསོད་ཐུབ་པ་ཤེས་ཤིང་ཤ་ལ་ལྕི་བས་བདུགས་ནས་རུལ་འགོག་བྱེད་པའི་སྲོལ་རྒྱུན་ད་བར་དུ་རྒྱུན་བསྲིངས་ནས་ཡོད་ཅིང་། མི་ཕྱུགས་ལ་ནད་ཕོག་དུས་དང་པོ་ལྕི་བས་བདུགས་རྗེས་དེ་ནས་རུས་པ་ཇ་ཁུ་གར་བོའི་ནང་གདུས་ནས་རླངས་བཅོས་བྱས་སྲོལ་ཡོད་པ་རེད།

   གནའ་ནས་ད་བར་སོག་པོའི་འཚོ་བའི་ཁྲོད་ལྕི་བ་དང་ཁ་འབྲལ་ཐབས་མེད་ཅིང་། ཁོ་ཚོས་ལྕི་བར་འབྱུང་བའི་བཅུད་འདུས་ཤིང་དུག་དང་བཙོག་སེལ་བའི་ནུས་པ་ཡོད་པར་འདོད་ཅིང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་འཛམ་གླིང་ན་ཚོར་ལྷག་ལོག་པའི་ནད་ཕོག་མཁན་ཆེས་ཉུང་བ་ནི་སོག་པོའི་མི་ཡིན་པའི་རྒྱུ་མཚན་ཡང་ལྕི་བ་དང་ཁ་བྲལ་ཐབས་མེད་པ་རེད། རྒྱ་གར་གྱི་སྨན་རམས་པ་ཞ་ཨེར་མཱ་ཡིས་སོག་པོའི་རྩྭ་ཐང་ཐོག་གི་ལྕི་བས་གློ་གཅོང་གི་ནད་བཅོས་ནས་ལམ་ལྷོང་བྱུང་འདུག

   ནང་སོག་སློབ་ཆེན་གྱི་སློབ་དཔོན་ཆེན་པོ་དང་རྩྭ་ཐང་སྐྱེ་ཁམས་ཆེད་རམས་པ་ལིའུ་ཧྲུའུ་རུན་གྱིས་རྩྭ་ཐང་ཐོག་གི་ལྕི་བར་དྲི་བསུང་སྣ་བརྒྱ་འཛོམས་པའི་རྒྱུ་མཚན་ནི་ནོར་ཕྱུགས་ཀྱིས་བཟའ་རྒྱུ་ནི་འབུ་སུ་སོགས་སྲན་མའི་སྐྱེ་དངོས་དང་རྩྭ་སྔོན་སོགས་སྙེ་འདོགས་སྐྱེ་དངོས། མཁན་དཀར་སོགས་ལུག་མིག་སྐྱེ་དངོས། རི་རྒོད་ཀེའུ་ཚོད་སོགས་ལུག་མཉེ་སྐྱེ་དངོས། གྲེས་མའི་སྐྱེ་དངོས། སྔོ་དྲེག་གི་རིགས། ཤིང་མཚེ་སོགས་ལྕུག་ཕྲན་གྱི་རིགས་བཅས་རང་བྱུང་སྨན་རྩྭ་བརྒྱ་ཕྲག་ཁ་ཤས་ཡིན་ཞིང་། བཏུང་རྒྱུ་ནི་རང་བྱུང་གཏེར་ཆུ་ཡིན་པའི་རྐྱེན་གྱིས་རེད། ལྕི་བ་སྦར་རྗེས་གྲང་བ་འགོག་ཐུབ་པར་མ་ཟད། ཟུངས་སྟོབས་ཀྱང་འཕེལ་ཐུབ་ཅེས་བཤད་པ་རེད།

   ལྕི་བ་ལ་གོང་གི་ཕན་ཡོན་ཡོད་པར་ཕུད། ད་དུང་རུལ་འགོག་དང་འབུ་འགོག རླན་འགོག སྐྱ་འགོག་བཅས་ཀྱི་ནུས་པ་ཁྱད་པར་བ་ཡང་ཡོད་པ་རེད།


ཕྱི་རྒྱལ་བ་ཚོས་ཟོག་གི་ལྕི་བ་ཡན་ལ་ཞིབ་འཇུག་བྱས་འདུག

  • ལེ་ཚན་སྔོན་མ།:ཨེ་ཅིབ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་བོའི་ཨེ་ཅིབ་རྒྱལ་རབས་སྐབས་ཀྱི་དམག་མཁར་ཞིག་རྙེད།
  • ལེ་ཚན་རྗེས་མ།:དབྱིན་ཇིའི་རྒྱལ་མོ་དགོང་ལོ་93ལ་སླེབས་པའི་འཁྲུངས་སྐར།
  • དོ་སྣང་ཆེ་བའི་རྩོམ།