བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

སྟག་རོང་རང་གྲོལ།        2019-05-10

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

    ལས་རིགས་དང་མི་རིགས་མི་གཅིག་ཀྱང་རྩོམ་རིག་པར་དུངས་ཤིང་ཕ་ཡུལ་བྲག་འགོ་ལ་ཞབས་ཞུ་ཅུང་ཙམ་རེ་སྒྲུབ་ན་འདོད་པའི་རྒྱ་བོད་ཀྱི་མི་སྣ་དྲུག་གིས་འགྲོ་གྲོན་དང་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ཧོར་བྲག་འགོ་ལ་རྩོམ་པ་པོའི་མཐུན་ཚོགས་གསར་དུ་འཛུགས་པའི་གྲོས་ཆོད་བྱས།            2018ལོའི་ཟླ་བ11པའི་ཚེས14ལ་རྫོང་དམངས་སྲིད་ཅུས་ཀྱིས་དངོས་སུ་ཆོག་མཆན་ཐོབ་ནས་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་དཔང་ཡིག་གནངས།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།


    2019ལོའི་ཟླ5ཚེས3ལ་རྫོང་དཔོན་བུའུ་ཆིང་ལགས་དངོས་སུ་ཕེབས་གནང་མཛད་དེ་བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཞེས་པའི་སྒོ་བྱང་ཕྱག་གཏད་གནངས།ཉིན་དེར་བྲག་འགོ་རྫོང་གི་རྩོམ་པ་པོ་སྒོ་ཡོན་ལགས་དང་བྲག་འགོའི་ལོ་རྒྱུས་ཞིབ་འཇུག་པའམ་རྩོམ་པ་པོ་རན་ཁྲང་ཧྲིང་རྣམ་གཉིས་ཀྱིས༼ གསར་རྩོམ་གྱི་རྟོན་པ་བཞི་དང་རྒྱུན་སྐྱོང་བཞི༽ཞེས་པ་དང༼ ཧོར་རིག་གནས་ཀྱི་ཁ་ཕྱོགས ༽ ཞེས་པ་འཆད་ཁྲིད་གནངས།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།


    ཚོགས་འདུ་རུ་ཧོར་བྲག་འགོའི་རྩོམ་རིག་ལ་དུངས་བའི་དགེ་རྒན་དང་རྩོམ་པ་པོ། དབུ་ཁྲིད་སོགས་མི་གྲངས་བརྒྱ་ལྷག་རང་འདུན་གྱིས་འཛོམས་ཏེ་རྩོམ་རིགས་དར་སྤེལ་སྐོར་ཀྱི་བགྲོ་གླེང་བྱས་པ་དང་། ཁམས་བྲག་འགོའི་སྙུག་ཐོགས་པ་ཡོངས་ལ་རྩོམ་རིགས་དར་སྤེལ་གྱི་སྡིངས་ཆ་གསར་བ་བསྐྲུན་པས་རྩོམ་རིག་པའི་ལྗོན་བཟང་ལ་སྔ་ན་མེད་པའི་ཡར་རྒྱས་ཀྱི་ལོ་འབྲས་སྨིན་པའི་སྨོན་འདུན་བཅས་ཞུས་པ་རེད།

  • ལེ་ཚན་སྔོན་མ།:སློབ་འབྲིང་སློབ་མ་ཞིག་གི་བློ་རྩལ་ལས་ཐོན་པའི་ཤེས་རབ།
  • ལེ་ཚན་རྗེས་མ།:ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།