ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ཡེ་ཤེས་མགོན་པོ།        2019-05-10

ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།


 སྤྱི་ཟླ5པའི་ཚེས9ནས10ཉིན་བར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱས་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་དར་མདོར་འཚོགས་པ་རེད།

  ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་སྒྲུབ་ཨུ་ལྷན་གྱི་ཀྲུའུ་རེན། སི་ཁྲོན་ཞིང་ཆེན་བོད་སྐད་ནང་བསྟན་སློབ་གླིང་གི་འགོ་གཙོ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བློ་བཟང་ཆོས་འཕེལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཅན་ཀྲུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།


ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།


   གྲོས་ཚོགས་ཐོག་རྒྱལ་བསྟན་བློ་བཟང་བྱམས་པས་རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་སྙིང་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།“ཚོགས་ཆེན་གཉིས”ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔོན་རྗེས་སུ་ནང་སོག་དང་ཀན་སུའུ། ཧོ་ནན། ཧྥུ་ཅན། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་བྱེད་སའི་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་སྙིང་དོན། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པས་མ་ཚད།《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》གསེད་འགྲེལ་བྱས་ནས་སློབ་སྦྱོང་བྱས་པ་རེད།


ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།


 2018ལོའི་ལས་དོན་ཕྱོགས་བསྡོམས་བྱེད་སྐབས་རྒྱལ་བསྟན་བློ་བཟང་བྱམས་པས་གཅིག་ནི“ལྔ་གཉིས་གསུམ”གྱི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་ནུས་ཤུགས་ཡོད་རྒུས་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཏེ་འཕེལ་རྒྱས་དང་བརྟན་བརླིང་ཐོག་མི་སེམས་གོང་བུར་འགྲིལ་ཡོད། གཉིས་ནི“ཚད་ལྡན་གསུམ”འཛུགས་སྐྱོང་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས་ཞབས་ཕྱིའི་ཁྲིད་སྟོན་དམིགས་སུ་ཐོན་པ་དང་ཆོས་ལུགས་ལས་དོན་གྱི་དོ་དམ་ནན་འཛིན་བྱས་ཡོད། གསུམ་ནི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་དགོངས་དོན་གསར་པ། འཐབ་ཇུས་གསར་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་དུས་མཚུངས་སུ། སློབ་སྦྱོང་ཆེན་པོ། གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ་བྱས་ཏེ་མང་ཚོགས་ལས་དོན་དང་རང་ངོས་འཛུགས་སྐྱོང་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།


ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།


2019ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱེད་སྐབས་རྒྱལ་བསྟན་བློ་བཟང་བྱས་པས“ལྔ་གཉིས་གསུམ”གྱི་སློབ་སྦྱོང་དང་སློབ་གསོའི་ཐད་དུས་རབས་ཀྱི་ནང་དོན་ཡོད་པ་དང་དུས་བསྟུན་མདུན་སྐྱོད་བྱེད་སྟངས་ཐད་དུས་རབས་འཕེལ་རིམ་དང་འཚམ་པའི་གསེད་འགྲེལ་མཛད་པ་རེད། ཁོང་གིས2019ལོར་དགོན་པར་ཕྱིན་ནས་སྒྲོག་འགྲེལ་བྱ་རྒྱུ་དང་ཆོས་ལུགས་ལས་དོན་ལ་ཁྲིད་སྟོན་བྱ་རྒྱུ། ཆོས་གཞུང་ཞིབ་འཇུག་གྲོས་བསྡུར་དང་ཆོས་ལུགས་ལས་དོན་རྒྱུན་འཛིན་བྱ་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་མཛད་པ་རེད།


ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་ཐེངས་ལྔ་པ་འཚོགས།


   ཁུལ་ནང་བསྟན་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་པོས་ཁག་བགོས་ནས་རྫོང(གྲོང་ཁྱེར)སོ་སོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་པོ་དང2019ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ཡི་གེ་བཞག་པ་རེད། རྫོང(གྲོང་ཁྱེར)སོ་སོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་ཆེན་པོ་གྲོས་ཚོགས་ནང་ཞུགས་ཡོད་པ་རེད། ཚོགས་འདུ་འཚོག་རིང་ཚོགས་ཞུགས་མི་སྣ་ཚོས་ད་དུང་རང་ཉིད་ལས་དོན་གྱི་དོན་དངོས་ལ་གཞིགས་ནས་གྲོས་བསྡུར་དང་བསམ་འཆར་བརྗེ་རེས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གིས2019ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།