བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་རིགས་བཤེར་ལས་དོན་ཡོངས་སུ་གྲུབ།

        2019-05-09

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ས་གནས་ཀྱི་ལྷ་མོའི་ཟློས་གར་སྣ་ཁ་ཡོངས་བཤེར་གྱི་སྙན་ཞུ་དངོས་སུ་ལེགས་གྲུབ་བྱུང་ཡོད་པ་རེད། སྙན་ཞུའི་ནང་བོད་ས་གནས་ཀྱི་ལྷ་མོའི་ཟློས་གར་གྱི་སྣ་ཁ་བསྐྱར་དུ་དབྱེ་བ་སྟེ། ཤར་པའི་མ་ཎི་ལྷ་མོ་དང་། སྤགས་གོང་ལྷ་མོ། ཆབ་མདོའི་ལྷ་མོ། མོན་པའི་ལྷ་མོ། ཞལ་འབག་སྔོན་པོའི་ལྷ་མོ། ཞལ་འབག་དཀར་པོའི་ལྷ་མོ་བཅས་རིགས་ཆེ་གྲས་དྲུག་ཡོད་ཅིང་། བོད་ས་གནས་ཀྱི་ལྷ་མོའི་ཟློས་གར་གྱི་སྣ་ཁ་གཏན་ཁེལ་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད། ད་རེས་ཡོངས་བཤེར་བྱས་པའི་སྙན་ཞུའི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་སྤགས་གོང་ལྷ་མོ་དང་ཤར་པའི་མ་ཎི་ལྷ་མོ་གཉིས་ལྷ་མོའི་རང་ཚུགས་ཟློས་གར་ལ་གཏན་འཁེལ་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ནོ་མོས་ངོ་སྤྲོད་བྱས་པ་ལྟར་ན། དཔྱད་ཡིག་ལ་ཡོངས་བཤེར་བྱས་པའི་རྨང་གཞིའི་ཐོག་ལས་སྒྲུབ་མི་སྣས《ཀྲུང་གོའི་ལྷ་མོའི་ཟློས་གར་གྱི་ལོ་རྒྱུས་ལས་བོད་ཀྱི་ལེའུ》དང་མངོན་མིན་རིག་གནས་ཤུལ་བཞག་གི་ཡོངས་བཤེར་དཀར་ཆག་བཟོ་བ་སོགས་ཀྱི་གྲངས་གཞིར་གཞིར་བཟུང་བ་དང་འབྲེལ་རིགས་གཅིག་མཁས་ཅན་གྱི་གྲོས་འགོ་དང་ཟུང་འབྲེལ་བྱས་ནས་ལྷ་མོའི་ཟློས་གར་དེ་གཉིས་ལྷ་མོའི་རང་ཚུགས་ཟློས་གར་ལ་གཏན་འཁེལ་བྱས་པ་དང་། དེ་ལས་བོད་ཀྱི་ལྷ་མོའི་ཟློས་གར་འཕེལ་རྒྱས་ལོ་རྒྱུས་ཐད་ཀྱི་ཞིབ་འཇུག་ལ་དཔྱད་ཡིག་ཁ་གསབ་ཀྱི་རིན་ཐང་ཡག་པོ་ལྡན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲུང་སྐྱོང་ཤུགས་ཆེན་འོག་བོད་ཀྱི་ས་ཁུལ་ཁག་གི་ལྷ་མོའི་ཟློས་གར་སྒྱུ་རྩལ་ལ་སྲུང་སྐྱོང་ནུས་ལྡན་ཐོབ་པ་དང་། བོད་ཀྱི་ལྷ་མོ་ཚུད་པའི་དམངས་ཁྲོད་རིག་གནས་མང་པོའི་འཕེལ་ཕྱོགས་ཅུང་ཡག་པོ་ཡོད། མིག་སྔའི་བར་ཞལ་འབག་སྔོན་པོའི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག138དང་། ཞལ་འབག་དཀར་པོའི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་གསུམ། ཆབ་མདོའི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་གཅིག སྤགས་གོང་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་གཅིག མོན་པའི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་གཅིག ཤར་པའི་མ་ཎི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་གཅིག་བཅས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་བྱ་དགའ་དང་ཁ་གསབ་སྤྲད་དེ་ཞིང་འབྲོག་དུད་ཚང་ཁྲི27གྱི་སྡོད་རྐྱེན་ལེགས་བཅོས་བྱ་རྒྱུ།
  • ལེ་ཚན་རྗེས་མ།:གེ་སར་རྒྱལ་པོའི་རིག་མཛོད་དཔེ་སྐྲུན་འགྲེམས་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།