རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་འགན་ཁུར་བས་ཁྲིམས་འཛུགས་ལས་དོན་སྐོར་གྱི་དྲི་བར་ལན་བུ་བརྒྱབ།

        2019-03-14

     ཞིན་ཧྭ་གསར་འགྱུར་ཁང་ཁང་པེ་ཅིན་ནས་སྤྱི་ཟླ3པའི་ཚེས9ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཁྲེང་ཞི་ཝུན་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝུ་རི་ཐུའུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཅུན་ཁྲེན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤུས་ཨན་པིའོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཨུ་ཡོན་ཁྲེང་ལི་ཧྥུང་བཅས་ཀྱིས“མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་ལས་དོན”གྱི་འབྲེལ་ཡོད་གནད་དོན་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་དྲི་བ་བཏོན་པ་ལན་བུ་བརྒྱབ་པ་རེད།

  “འདས་པའི་ལོ་གཅིག་རིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་ལས། ཁྲིམས་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བཅའ་ཁྲིམས8བཟོས་པ་དང་བཅའ་ཁྲིམས47ལ་བཟོ་བཅོས་བརྒྱབ་པ། བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་གྱི་གཏན་འབེབས་དང་གནད་དོན་གལ་ཆེན་གྱི་གཏན་འབེབས9བཟོས་ཡོད། དེ་ནི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེས་རྗེས་ཀྱི་ལོ་དང་པོར་ཁྲིམས་འཛུགས་ལ་གྲུབ་འབྲས་མང་ཤོས་ཐོབ་པའི་ལོ་ཞིག་རེད”ཅེས་ཤུས་ཨན་པིའོ་ཡིས་གསུངས་པ་དང་། ཁོང་གིས་མིག་སྔའི་བར་ལག་ལེན་བསྟར་བཞིན་པའི་གོ་ཆོད་བཅའ་ཁྲིམས་ཁྱོན་ཁག271ཡོད་པ་དང་རང་རྒྱལ་གྱི་བཅའ་ཁྲིམས་མ་ལག་སྔར་བས་འཐུས་ཚང་དུ་སོང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ལིའུ་ཅུན་ཁྲེན་གྱིས“ཁྲིམས་སྐྱོང་ནི་ཚོང་གཉེར་གྱི་ཁོར་ཡུག་ཡག་ཤོས་ཤིག་ཡིན་པས། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་འགོར་ང་ཚོས‘ཕྱི་ཕྱོགས་མ་དངུལ་གྱི་བཅའ་ཁྲིམས་གསུམ’བཟོས་ནས་ཕྱི་ཕྱོགས་མ་དངུལ་གྱི་ནང་འདྲེན་ལ་འགན་ལེན་གལ་ཆེན་དང་ཚད་ལྡན་ཅན་གྱི་ནུས་པ་བཏོན་ཡོད། ལོ་བཅུ་ཕྲག་ཁ་ཤས་སོང་རིང་། སྐབས་དེའི‘ཕྱི་ཕྱོགས་མ་དངུལ་གྱི་བཅའ་ཁྲིམས་གསུམ’དུས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་འཚམ་གྱི་མེད། དུས་རབས་གསར་པར་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གཏོད་པའི་དགོས་མཁོ་དང་འཚམ་ཆེད་ཕྱི་ཚོང་མ་དངུལ་གཏོང་འཇོག་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་གསར་པ་ཞིག་གཅིག་གྱུར་བཟོ་དགོས་ཀྱི་ཡོད”ཅེས་གསུངས་པ་རེད།

    ཝུ་རི་ཐུའུ་ཡིས་གོམ་སྟབས་རྗེས་མར་ནོར་དཔལ་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་འཆར་འགོད་དང་ལོ་འཁོར་གྱི་ཁྲིམས་འཛུགས་འཆར་གཞིའི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་ལ་གནས་ཐང་འཕར་ཁྲལ་གྱི་བཅའ་ཁྲིམས་དང་། འཛད་སྤྱོད་དཔྱ་ཁྲལ་གྱི་བཅའ་ཁྲིམས། ས་ཁང་བདག་ཁོངས་དཔྱ་ཁྲལ་གྱི་བཅའ་ཁྲིམས། འགག་སྒོའི་དཔྱ་ཁྲལ་གྱི་བཅའ་ཁྲིམས། གན་ཁྲལ་གྱི་བཅའ་ཁྲིམས། རིས་སྦྱར་དཔྱ་ཁྲལ་གྱི་བཅའ་ཁྲིམས། ཁྲལ་འབབ་བསྡུ་ལེན་དོ་དམ་གྱི་བཅའ་ཁྲིམས(དག་བཅོས)སོགས་བཅའ་ཁྲིམས་ཀྱི་འཆར་ཟིན་མ་ཡིག་གང་མགྱོགས་བཟོས་ཏེ། བཅའ་ཁྲིམས་འཆར་ཟིན་གྱི་ཐོག་མའི་གྲོས་ཞིབ་ཡག་པོ་བྱས་ནས་ཁྲལ་བསྡུའི་ཁྲིམས་གཏན་འཁེལ་བའི་རྩ་དོན་གྱི་ཁྲིམས་འཛུགས་ལས་འགན་ཁག་དུས་བཀག་ལྟར་ལེགས་གྲུབ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:2019ལོའི་འཕྲིན་བཟང་།
  • ལེ་ཚན་རྗེས་མ།:བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།