2019ལོའི་འཕྲིན་བཟང་།

        2019-03-14

◆གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1100ཡན་འཕར་བར་བྱ་རྒྱུ།

◆ལོ་ཧྲིལ་པོར་ཁེ་ལས་ཀྱི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི2ཡང་དུ་གཏོང་རྒྱུ།

◆གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་ཆུང་གྲས་ལ་དངུལ་བུན་གཏོང་ཚད་བརྒྱ་ཆ30ཡན་མཐོ་རུ་གཏོང་རྒྱུ།

◆མཐོ་རིམ་ལས་རིགས་སློབ་གླིང་ལ་མི་ཁྲི100བསྡུ་ཁྱོན་ཆེ་རུ་གཏོང་རྒྱུ།

◆བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་མ་གནས་ཆུང་དུ་གཏོང་བ་དང་། བཟོ་ཚོང་ལས་རིགས་སྤྱིར་བཏང་གི་ཆ་སྙོམས་གློག་རིན་མུ་མཐུད་བརྒྱ་ཆ10གཅོག་རྒྱུ།

◆ལོ་གཉིས་ནང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞིང་ཆེན་ལས་བརྒལ་བའི་དངུལ་བསྡུའི་ས་ཚིགས་རྩ་བའི་ཆ་ནས་མེད་པར་བཟོ་རྒྱུ།

◆དྲ་སྦྲེལ་མྱུར་ཚད་མགྱོགས་སུ་གཏོང་བའི་རིན་དངུལ་བསྟུད་མར་བཅག་ནས་གྲོང་ཁྱེར་གྱི་ཐེར་འབུམ་ཟིན་པའི་གཤོང་ཆེའི་དྲ་སྦྲེལ་ཁྱིམ་ཚང་དུ་འཛུགས་པའི་ཚོད་ལྟ་བྱ་རྒྱུ།

◆སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་གྱི་གླ་རིན་ཆ་སྙོམས་མུ་མཐུད་བརྒྱ་ཆ20ཡན་གཅོག་རྒྱུ།

◆ནུས་ཁུངས་གསར་པའི་རླངས་འཁོར་ཉོ་བར་གཟིགས་སྐྱོང་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ།

◆ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་བཅོས་སྒྲིག་བྱ་རྒྱུ།

◆གྲོང་གསེབ་ཀྱི་མི་འབོར་ཁྲི6000ལ་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ།

◆གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭའི“སློབ་མ་མང་ཐལ་ཆེ་བའི”དཀའ་ངལ་སེལ་གང་ཐུབ་དང་། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་གྱི་ཞོར་ཁྲིད་བུ་ཕྲུག་ཚོའི་སློབ་གསོ་འགན་ལེན་བྱ་རྒྱུ།

◆གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་མི་རེར་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་ཆ་སྙོམས་སྒོར30མང་དུ་བཏང་ནས་ཕྱེད་ཀ་ནད་ཆེན་འགན་བཅོལ་ཐད་སྤྱོད་རྒྱུ།

◆ནད་ཆེན་འགན་བཅོལ་གྱི་ཚད་གཞི་གཅོག་པ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆ50ནས་བརྒྱ་ཆ60བར་སྤོར་རྒྱུ།

◆ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་ནད་རིགས་སོགས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིགས་དག་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁོངས་སུ་འཇུག་རྒྱུ།


  • ལེ་ཚན་སྔོན་མ།:རྔ་བ་ཁུལ་གྱི་འབྲོག་རྫོང་སོ་སོས་དཔྱིད་སྐྱེལ་བའི་དཀའ་ངལ་ཐག་གཅོད་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་འགན་ཁུར་བས་ཁྲིམས་འཛུགས་ལས་དོན་སྐོར་གྱི་དྲི་བར་ལན་བུ་བརྒྱབ།
  • དོ་སྣང་ཆེ་བའི་རྩོམ།