ཕེང་ཆིང་ཧྭས་ཏན་ཏིག་གིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལམ་བུ་གསར་པར་སྐྱོད་གང་ཐུབ་བྱ་དགོས་ཞེས་གསུངས

ལྷ་འཛོམས་དང་བདེ་སྐྱིད་ཀྱིས་བསྒྱུར།        2019-01-26

 ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་ལས་དོན་སྙན་སེང་དང་འཆར་གཞི་སྙན་སེང་། སྔོན་རྩིས་སྙན་སེང་སོགས་ལ་གྲོས་ཞིབ་གནང་བ་རེད།

 ཕེང་ཆིང་ཧྭ་ཡིས་གསུངས་དོན། དཀར་མཛེས་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་ཞིང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་་བྱེད་ཕྱོགས་གལ་ཆེནདང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་འཁྱོལ་ཞིང་། ཏན་ཏིག་གིས་འདུ་ཤེས་བཞི་བརྟན་པོ་བཅང་ཞིང་། གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ། འཚོ་སྲུང་གཉིས་ཡག་མོ་བྱེད་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཆེན་པོ་གསུམ་ཡག་མོ་སྒྲུབ་པ་དང་རྒྱུན་སྲིང་ངང་བོད་ཁུལ་ཁྲིམས་ལྟར་བཅོས་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་ལེགས་བཅོས་ལས་ཀ་ཡག་མོ་བསྒྲུབ་དགོས། ཏན་ཏིག་གིས་སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལམ་བུ་གསར་པར་སྐྱོད་གང་ཐུབ་བྱས་ནས་སི་ཁྲོན་བཅོས་སྐྱོང་དར་རྒྱས་ལ་སྐུལ་འདེད་བཏང་ནས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་དགེ་མཚན་ལྡན་པའི་བྱས་རྗེས་འབུལ་དགོས།

ཕིང་ཆིང་ཧྭ་ཡིས་གསུང་བཤད་ནང་སྲིད་གཞུང་ལས་དོན་སྙན་སེང་དང་འཆར་གཞི་སྙན་སེང་། སྔོན་རྩིས་སྙན་སེང་བཅས་ལ་ཁས་ལེན་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་ནི་འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་གྱི་ལོ་རྒྱུས་འགན་འཁྲི་འཁུར་བཞིན་ཡོད་པས། སྤྱི་ཚོགས་བརྟན་བརླིང་དང་སྐྱེ་ཁམས་ཁོར་ཡུག་གི་མཐའ་མཚམས་གཉིས་བརྟན་པོ་བསྲུང་པ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་རང་འགུལ་བཅོས་སྐྱོང་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། རྒྱུན་སྲིང་ངང་གནད་དོན་རིགས་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་གང་ཐུབ་བྱེད་པ་དང་། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཏན་ཏིག་སྤེལ་བ། འཆམ་མཐུན་གྱི་བོད་རིགས་ས་ཁུལ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་པ་དང་ལག་བསྟར་བཏང་ནས།  སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་དང་སྐྱེ་ཁམས་ལས་གྲྭར་ལག་བསྟར་གཏིང་ཟབ།  ས་གཤིས་ཀྱི་གནོད་འཚེ་གྲལ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་གསར་གཏོད་བྱས་ནས། མཛེས་སྡུག་ལྡན་པའི་མཐོ་སྒང་འཛུགས་སྐྲུན་ཧུར་ཐག་བྱ་དགོས།  གནད་སྨིན་དབུལ་ཐར་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས་འགན་སྲུང་གཉིས་ལ་ཤུགས་བརྒྱབ་ནས།  དབུལ་ཐར་འགག་སྒྲོལ་བྱ་བ་དེ་ཆབ་སྲིད་འགན་འཁྲི་ཆེ་ཤོས་དང་དམངས་འཚོའི་ལས་གྲྭ་ཆེ་ཤོས།  ཆེས་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོག་གཞག་རྒྱུར་རྒྱུན་འཁྱོངས་བྱེད་པ་དང་།  སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ།  ཧ་ཅང་དབུལ་པོའི་ཤང་དང་གྲོང་རྡལ་བཅས་ལ་དམིགས་ནས་སྡོད་ཁང་དང་ཐོན་ལས།  ལས་ཞུགས། སློབ་གསོ།  སྨན་བཅོས་སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ནས་དུས་བཀག་ལྟར་སྤུས་ཚད་མཐོ་བའི་ངང་དབུལ་ཐར་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས།  བོད་རིགས་ས་ཁུལ་གྱི་དམངས་འཚོའི་དོན་དངོས་ནན་ཏན་གྱིས་ཡག་པོ་བསྒྲུབ་དགོས་ཤིང་།  ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་དམངས་འཚོའི་དྲ་བ་ཡང་དམ་པོར་འཛུགས་དགོས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཉིས་ཀྱི་འདེགས་སྐྱོར་ཆེ་རུ་གཏང་དགོས། གལ་ཆེ་བའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་ནང་འབྲེལ་ཕྱིར་ཁྱབ་ཀྱི་གཞུང་ལམ་སྐྲུན་ཤུགས་ཆེ་རུ་བཏང་ནས།  དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཆགས་པར་ཤུགས་བརྒྱག་དགོས། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་ཀྱི་ལྗང་མདོག་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།  མཉམ་ལས་གླིང་ཁུལ་ཡག་པོ་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱས་ནས། ས་ཁོངས་ཡོངས་སུ་ཡུལ་སྐོར་རྒྱ་སྟོབས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས་པ་རེད།

   ཕེང་ཆིང་ཧྭས་བསྟན་དོན། མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བའི་གནད་འགག་ནི་ཏང་དང་མིར་ཐུག་ཡོད།  ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་འདུ་ཤེས་བཞི་དང་གདེང་ཚོད་བཞི། འཚོ་སྲུང་གཉིས་སོགས་ཀྱི་སློབ་གསོ་བྱེད་སྒོ་སྤེལ་ནས་ཚང་མས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་བླ་མེད་ཁྱད་འཕགས་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་པར་ཁྲིད་སྟོན་བྱ་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ངོས་འཛིན་གང་ལེགས་བྱས་ཏེ།  འཚོ་སྲུང་གཉིས་བྱ་རྒྱུ་དེ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་ཀྱི་ལས་དོན་ཁག་གི་ཁྲོད་དུ་དོན་འཁྱོལ་བྱ་དགོས། བློ་རྩེ་གཅིག་གཏད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པར་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུས་སྤྱི་འདོམས་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས།  ཐོག་མཐའ་བར་གསུམ་དུ་ཏང་ཡོན་ལས་བྱེད་པའི་བསམ་བློར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ནས།  ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བྱེད་པ་དང་རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དྲག་འདེམས་ཧྲག་སྒྲིག་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།  མུ་མཐུད་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་རྩ་འཛུགས་དག་ཐེར་བྱས་ནས་ཏང་གི་བོད་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞིར་རྒྱུན་ཆད་མེད་པར་སྲ་བརྟན་གཏང་དགོས།  

   ཕེང་ཆིང་ཧྭས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆ་རྐྱེན་སྡུག་ཀྱང་སྙིང་སྟོབས་མི་ཉམས་པ་དང་།  དཀའ་ངལ་ལ་མི་སྐྲག་པའི་འབད་འཐབ་ཀྱི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་བཏང་སྟེ།  གན་འཁྲི་འཁུར་ཕོད་པ་དང་།  དཀའ་འཐབ་དྲག་པོ་བྱེད་ཕོད་པ་བྱས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དེ་བོད་རིགས་ས་ཁུལ་དུ་རྩ་བ་ཚུགས་པ་དང་བྱས་འབྲས་སྨིན་པར་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:《ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་དུས》ཞེས་པའི་དཔེ་དེབ་དངོས་སུ་དཔར་འགྲེམ་བྱས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་མཉམ་འབྲེལ་རྟོག་ཞིབ་ཚོ་ཆུང་རང་ཁུལ་དུ་ཡོང་ནས་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་རྟོག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།