གསར་འགྱུར་གནད་བསྡུས།

        2018-12-19

    སྤྱི་ཟླ12པའི་ཚེས3ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་སྐབས་བཞི་པའི་སི་ཁྲོན་དཀར་མཛེས་རྒྱལ་སྤྱིའི་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀའི་སྙན་སེང་གསན་འཇོག་གནང་ཞིང་ཕྱིན་ཆད་ལས་ཀར་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྒྲིག་འཛུགས་དམ་ཟབ་དང་བཀོད་སྒྲིག་ཞིབ་ཚགས། ལས་བགོ་ཞིབ་པོ། འགན་འཁྲི་ལྗིད་གནོན་བཅས་བྱས་ནས་ཐེངས་འདིའི་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་ལས་ཀ་ཁག་ཞིབ་ཅིང་ཡག་མོ་བསྒྲུབས་ཏེ། ཐེངས་འདི་ཡུལ་སྐོར་དུས་ཆེན་དེ་ཁྱད་ཆོས་ལྡན་ཞིང་ཕན་འབྲས་དངོས་ཐོབ་པ་ཞིག་གཉེར་དགོས་པ་དང་། ཤུགས་ཆེན་པོས་རོང་བྲག་དང་དཀར་མཛེས་ཁུལ་གྱི་སྐད་གྲགས་ཁྱབ་ཚད་དང་མཚན་སྙན་ཐོབ་ཚད་རྒྱ་ཆེ་རུ་གཏང་དགོས་ཞེས་གསུངས་པ་རེད།།


    སྤྱི་ཟླ12པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས25འཚོགས་པ་རེད། ཚོགས་འདུའི་ཐོག《སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ﹙ཞིབ་བཤེར་ཞུ་རྒྱུའི་མ་ཡིག﹚》དང《དཀར་མཛེས་ཁུལ་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་གཏོང་ཚུལ་དང་། 2019ལོའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ﹙ཞིབ་བཤེར་ཞུ་རྒྱུའི་མ་ཡིག﹚》《དཀར་མཛེས་ཁུལ་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གཏོང་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ﹙ཞིབ་བཤེར་ཞུ་རྒྱུའི་མ་ཡིག﹚》གྲོས་ཞིབ་བྱས་པ་དང་། ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང་ཁག4ཡི་འབྲེལ་མཚམས་ས་ཁུལ་གྱི་ཧ་ཅང་དབུལ་པོའི་ཤང﹙གྲོང་རྡལ﹚འཕེལ་རྒྱས་མགྱོགས་སུ་གཏང་རྒྱུ་དང་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་རྒྱུ། མ་རྐང་ལམ་ལུགས་ཀྱི་ཐུན་མོང་གི་འབྲོག་ར་ཚོད་ལྟའི་དཔེ་སྟོན་འཛུགས་སྐྲུན་སོགས་ཀྱི་ལས་ཀར་ཞིབ་འཇུག་བྱས་པ་རེད།


  • ལེ་ཚན་སྔོན་མ།:འོ་མ་རིན་པ་སྒོར་ཁྲི46འབྲོག་པའི་མང་ཚོགས་ཀྱི་ལག་ཏུ་འབྱོར་ནས་སྤྲོ་བ་རབ་ཏུ་འཕེལ།
  • ལེ་ཚན་རྗེས་མ།:མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།
  • དོ་སྣང་ཆེ་བའི་རྩོམ།