འོ་མ་རིན་པ་སྒོར་ཁྲི46འབྲོག་པའི་མང་ཚོགས་ཀྱི་ལག་ཏུ་འབྱོར་ནས་སྤྲོ་བ་རབ་ཏུ་འཕེལ།

བདེ་སྐྱིད་ཀྱིས་བསྒྱུར།        2018-12-19

འོ་མ་རིན་པ་སྒོར་ཁྲི46འབྲོག་པའི་མང་ཚོགས་ཀྱི་ལག་ཏུ་འབྱོར་ནས་སྤྲོ་བ་རབ་ཏུ་འཕེལ།

    སྤྱི་ཟླ12པའི་ཚེས5ཉིན་ལ་ལན་དབྱི་སྤྱི་གཉེར་ཁང་གིས་མགོ་བཏགས་སྨད་པ་གྲོང་སྡེར2018ལོའི་འོ་མ་རིན་པ་གཏོང་སྤྲོད་བྱེད་སྒོ་སྤེལ་བ་རེད། ཐེངས་འདིར་ལན་དབྱི་སྤྱི་གཉེར་ཁང་གིས་མགོ་བཏགས་སྨད་པ་གྲོང་སྡེའི་དུད་ཚང87ལ་འོ་མ་རིན་པ་སྒོར་ཁྲི46སྤྲོད་ཡོད་པ་ལས་འོ་མ་ཐོན་སྐྱེད་བྱེད་མཁན་དུད་ཚང་རེར་ཆ་སྙོམས་སྒོར5200ལྷག་ཙམ་ཐོབ་ཡོད་པ་རེད།

    དར་མདོ་གྲོང་ཁྱེར་གྱི་མགོ་བཏགས་སྨད་པ་གྲོང་སྡེ་ནི་འབྲོག་རྐྱང་གི་སྡེ་བ་ཞིག་ཡིན་པས་གྲོང་མི་ཕལ་ཆེར་མཐའ་འཁོབ་རྒྱང་རིང་གི་ལུང་ཁུག་ཏུ་ཆགས་ཡོད་པ་རེད། གྲོང་སྡེ་དེར་དུད་ཚང་ཁྱོན་བསྡོམས183ཡོད་པ་དེའི་ནང་ནས་དུད་ཚང110ཡིས་གནག་ཕྱུགས་མགོ་གྲངས13000ལྷག་ཙམ་གསོ་ཚགས་ཡོད་པ་རེད། 2012ལོར་ལན་དབྱི་སྤྱི་གཉེར་ཁང་མགོ་བཏགས་སྨད་པ་གྲོང་སྡེར་བཅའ་སྡོད་བྱས་ནས་གྲོང་མི་ཚོས་རང་ཁྱིམ་གྱི་སྒོ་འགྲམ་ནས་འོ་མ་སྤྱི་རྒྱ་གང་ལ་སྒོར12རེ་བྱས་ཏེ་སྤྱི་གཉེས་ཁང་དུ་བཙོང་ཆོགས་པ་རེད། 2016ལོར་ལན་དབྱི་སྤྱི་གཉེར་ཁང་དང་མགོ་བཏགས་སྨད་པ་གྲོང་སྡེ་དངོས་སུ་མཉམ་ལས་གན་རྒྱ་བཞག་ནས། གྲོང་མི་ཚོའི་ཚོང་ལམ་ཐད་ཀར་འགན་ལེན་བྱས་ཐུབ་ནས་མགོ་བཏགས་སྨད་པ་གྲོང་སྡེ2016ལོར་དབུལ་ཐར་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།། 


  • ལེ་ཚན་སྔོན་མ།:གྲོང་གསེབ་དར་སྤེལ་དབྱར་གྱི་མཚོ་ལྟར་རྒྱས།། མཛེས་སྡུག་ཁྱིམ་གཞིས་རི་མོ་བཀོད་དང་མཚུངས།།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།