དམངས་སྲིད་པུའུ་གཞུང་དོན་ཐིང་གིས་དགེ་སྒྲུབ་སྨན་བཅོས་རོགས་སྐྱོབ་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ།

གངས་སྐྱིད་ཀྱིས་བསྒྱུར།        2018-11-07

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས29ཉིན་འབྱོར་བའི་གཏམ་གསར། དགེ་སྒྲུབ་སྨན་བཅོས་རོགས་སྐྱོབ་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། དམངས་སྲིད་པུའུ་ཡིས་གོང་ཚེས་ཉིན《དགེ་སྒྲུབ་སྨན་བཅོས་རོགས་སྐྱོབ་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་དམངས་སྲིད་པུའུ་གཞུང་དོན་ཐིང་གི་བརྡ་ཐོ》བཀྲམ་པ་རེད།

བརྡ་ཐོའི་ནང་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བྱེད་རིང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོ་འགོད་བྱས་པའི་དགེ་སྒྲུབ་རྩ་འཛུགས་ཀྱིས་སྤྱི་ཕན་དང་། དགེ་སྒྲུབ། རོགས་སྐྱོབ་བཅས་ཀྱི་མིང་ཐོག་ནས་སྤེལ་བའི་སྨན་བཅོས་དང་། འཕྲོད་བསྟེན། བདེ་ཐང་བཅས་ཀྱི་བྱེད་སྒོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་གདིང་གཞི་གསལ་རྟོགས་དང་། གནས་ཚུལ་ཁོང་དུ་ཆུད་པ། ཉེན་ཁ་སྔོན་འགོག་བཅས་དང་ལྷག་པར་དུ་དམིགས་བཙུགས་མཉམ་ལས་ཀྱི་སྨན་བཅོས་སྒྲིག་གཞི་དང་ཁེ་ལས་སམ་ཡང་ན་མི་སྒེར་ལ་གཙོ་གནད་ཐོག་གྲལ་བཤེར་བྱ་དགོས། ཐེར་འདོན་ཞུ་གཏུག་གི་ལམ་བུ་ཤར་གཏོང་བྱས་ཏེ་མང་ཚོགས་ཀྱིས་ཐེར་འདོན་དང་ཞུ་གཏུག་བྱས་པའི་གནད་དོན་རིགས་ལ་ངེས་པར་དུ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་པ་དང་དགོས་ངེས་སྐབས་ཆེད་དོན་རྩིས་བཤེར་དང་ས་གནས་ས་ཐོག་ཏུ་ཞིབ་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་བྱེད་སྒོ་སྤེལ་མཁན་དང་། ལག་བསྟར་བྱེད་མཁན། གཉེར་སྐྱོང་བྱེད་སྟངས་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱ་དགོས་པ་བསྟན་ཡོད།

བརྡ་ཐོའི་ནང་དགེ་སྒྲུབ་རྩ་འཛུགས་ཀྱིས་དགེ་སྒྲུབ་སྨན་བཅོས་རོགས་སྐྱོབ་ཀྱི་མིང་ཐོག་ནས་དོན་དངོས་ཐོག་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་དང་། ཁེ་ལས་ཀྱི་ཞབས་ཞུའམ་ཡང་ན་ཐོན་རྫས་བྲིན་འཚོང་བྱས་པ་དང་། ལྷག་པར་དུ་ནད་པའི་ཁྱིམ་ཚང་ལ་གཞུང་གིས་མོས་མཐུན་བྱས་པའི་རིན་གོང་ལས་མངོན་གསལ་དོད་པོས་མཐོ་བའི་རིན་གོང་བླངས་ནས་སྨན་བཅོས་ཞབས་ཞུའམ་ཡང་ན་ཐོན་རྫས་ཉོ་རུ་འཇུག་པ་དང་བཙན་འཚོང་བྱས་པ་སོགས་ཀྱི་རིགས་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས་པའི་སྐོར་བསྟན་ཡོད།།


  • ལེ་ཚན་སྔོན་མ།:ཀྲུང་གོའི་ལོ40ནང་དབུལ་པོ་མི་འབོར་དུང་ཕྱུར7དབུལ་ཐར་བྱས་ཡོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་སྐབས་བཅུ་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུས།
  • དོ་སྣང་ཆེ་བའི་རྩོམ།