ཀྲུང་གོའི་ལོ40ནང་དབུལ་པོ་མི་འབོར་དུང་ཕྱུར7དབུལ་ཐར་བྱས་ཡོད།

གངས་སྐྱིད་ཀྱིས་བསྒྱུར།        2018-11-07

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས1ཉིན་འབྱོར་བའི་གཏམ་གསར། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40ཚུན་ཀྲུང་གོས་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། དབུལ་པོ་མི་འབོར་དུང་ཕྱུར7དབུལ་ཐར་བྱས་ཏེ་དུས་རིམ་མཉམ་པའི་འཛམ་བུ་གླིང་གི་དབུལ་པོ་མི་འབོར་བསྡོམས་འབོར་གྱི་བརྒྱ་ཆ70ཡན་ཟིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྦོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུས་བཤད་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོས་སྒོ་ཀུན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་སྤེལ་ཡོད། ད་ལོའི་ལོ་མཇུག་ཏུ་སླེབས་དུས་ཀྲུང་གོའི་དབུལ་པོ་མི་འབོར་བརྒྱ་ཆ80ཡན་ཆད་དབུལ་ཐར་ཡོང་བར་སྔོན་དཔག་བྱ་ཐུབ་ཅིང་། དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ནི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཡོད་པ་དང་། དབུལ་པོ་མི་འབོར་ཉུང་དུ་གཏང་རྒྱུའི་དམིགས་འབེབས་གསལ་པོ་བྱེད་པ། ཞིབ་ཕྲའི་གཞི་རྩའི་འཐབ་ཇུས། རྒྱུན་ལྡན་བརྒལ་བའི་སྲིད་ཇུས་འཆར་གཞི་བཅས་ཡོད་པའི་དབང་གིས་རེད།

མིག་སྔར་ཀྲུང་གོར་ད་རུང་ད་ཡོད་ཀྱི་དབུལ་ཐར་ཚད་གཞིགས་ལ་སླེབས་མེད་པའི་དབུལ་པོ་མི་འབོར་ཁྲི3000ལྷག་ཡོད་ཅིང་། ད་རུང་ཧ་ཅང་དབུལ་ཕོངས་ཀྱི་ས་ཁུལ་ཡོད་ལ། དབུལ་ཕོངས་ཤོར་ཚད་ཀྱང་མཐོན་པོ་ཡིན་ཞིང་། དབུལ་ཐར་བྱ་རྒྱུའི་དཀའ་ཚེགས་ཆེན་པོ་ཡིན་པ་དང་། དཀའ་ངལ་འདི་འདྲ་ཆེན་པོ་ཡོད་ནའང་། ང་ཚོས་ཀྱང་སེམས་ཐག་བཅད་དེ་བློ་བརྟན་འགྱུར་མེད་དང་སྒོ་ཀུན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཡག་པོ་སྤེལ་ནས2020ལོར་བསླེབ་དུས་ཀྲུང་གོ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཁག་ཐེག་བྱ་རྒྱུ་ཡིན།

ལིའུ་ཡུང་ཧྥུས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སྤེལ་ནས་གྲུབ་འབྲས་ཐོབ་པ་ནི་ཧ་ཅང་དབུལ་པོའི་མི་འབོར་དབུལ་ཐར་བྱ་བཅུག་ཡོད་མོད། འོན་ཀྱང་ལྟོས་བཅས་ཀྱི་དབུལ་ཕོངས་ནི་དུས་ཡུན་རིང་པོར་གནས་པ་རེད། དབུལ་པོ་མི་འབོར་ཉུང་དུ་གཏང་རྒྱུ་ནི་ད་རུང་དུས་ཡུན་རིང་ཅིང་དཀའ་ཚེགས་ཆེན་པོའི་ལས་འགན་ཡིན་པས། ཀྲུང་གོས་ཟམ་མི་ཆད་པར་དབུལ་པོའི་མི་འབོར་ཉུང་དུ་གཏང་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། དབུལ་པོ་མི་འབོར་ཉུང་དུ་གཏང་རྒྱུའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་བར་གྱི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་དང་འབྲེལ་བའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཞི3100ལྷག་ཙམ་ཟིན་ཡོད།
  • ལེ་ཚན་རྗེས་མ།:དམངས་སྲིད་པུའུ་གཞུང་དོན་ཐིང་གིས་དགེ་སྒྲུབ་སྨན་བཅོས་རོགས་སྐྱོབ་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ།
  • དོ་སྣང་ཆེ་བའི་རྩོམ།