ཞི་མཐུན་གྱི་རང་ཉིད། བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2018-10-22

ཞི་མཐུན་གྱི་རང་ཉིད།  བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།

     སྤྱི་ཟླ10པའི་ཚེས20ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་དཀར་མཛེས་ཁུལ་རིག་གནས་ཁང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་དཀར་མཛེས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཆད་ཁྲིད་ཆེན་མོའི་ནང་དོན་གྱི་ཡ་གྱལ་དུ་གྱུར་པའི་རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་ཁྲིད་དེ་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་སྤེལ་བ་རེད། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞ་ཡུང་ཀྲིས་འཆད་ཁྲིད་གཙོ་འགན་བཞེས་ཤིང་། ཆེད་དུ་གདན་ཞུ་བྱས་པའི་འཆད་འཁྲིད་པ་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་རིང་གིས་འཆད་འཁྲིད་གནང་བ་རེད།

ཞི་མཐུན་གྱི་རང་ཉིད།  བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།

    སྐལ་བཟང་ཚེ་རིང་གིས་ཐོག་མར་རང་གི་མི་ཚེའི་མྱོང་བ་གླེང་བ་ནས་འཆད་འཁྲིད་ཀྱི་འགོ་ཚུགས་ཤིང་། ཁོང་གིས་བདེ་ཐང་ཡོད་ན་ཐམས་ཅད་ཡོད། བདེ་ཐང་མེད་ན་ཐམས་ཅན་མེད་ཅེས་པ་ལྟར་བདེ་ཐང་ནི་ཡོད་ཚད་ཐམས་ཅད་ཀྱི་ཨང་དང་པོར་གཞག་དགོས་པ་ནན་གྱིས་བསྟན་པ་དང་། དེ་ནས་མིའི་རིན་ཐང་ལྟ་བ་དང་གོམས་གཤིས་ཆགས་ལུགས། རང་གི་སེམས་བྱུང་ཡང་མ་དག་པའི་འབྱུང་རྩ་དང་བཅོས་ཐབས།  ཕྲུ་གུའི་ཐོག་མའི་སློབ་གསོ་སོགས་དེང་སང་སྤྱི་ཚོགས་སུ་བྱུང་དང་འབྱུང་བཞིན་པའི་ཕྱི་ནང་གི་དངོས་བྱུང་གནོན་ཤུགས་ལ་དམིགས་ནས་རྟོགས་སད་གྲུབ་མཐའི་ལྟ་བའི་བརྗོད་སྙིང་ལྷུག་བརྗོད་གནང་བ་རེད། ཉན་པ་པོས་རྟོགས་དཀའ་བའི་ལྐོག་གྱུར་གྱི་ཆོས་ཉིད་རིག་པའི་དོན་སྤྱི་རྣམས་གོ་སླའི་ཚུལ་དུ་མི་འགའ་དང་ལྷན་དུ་འཁྲབ་སྟོན་གྱི་ལམ་ནས་གསེད་བཀྲོལ་གནང་དང་ཆབས་ཅིག གནོན་ཤུགས་སེལ་ཐབས་ཀྱི་ལུས་ངག་གི་འཕྲུལ་ཐབས་ཀྱང་བསླབས་ཏེ་གནོན་ཤུགས་འབྱུང་བའི་རྒྱུ་བཀག་པར་བརྒྱུད་ཞི་མཐུན་གྱི་རང་ཉིད་དང་བདེ་སྐྱིད་ཀྱི་མི་ཚེ་ཇི་ལྟར་བསྐྲུན་དགོས་ཚུལ་བསྟན་པ་རེད།

ཞི་མཐུན་གྱི་རང་ཉིད།  བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།
ཞི་མཐུན་གྱི་རང་ཉིད།  བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐལ་བཟང་ཚེ་རིང་ནི་སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་པོ་དང་། ཀྲུང་གོའི་སེམས་ཁམས་རིག་པ་བ་གྲགས་ཅན། རྟོགས་སད་གྲུབ་མཐའི་སྲོལ་གཏོད་པ་པོ་ཡིན་ཞིང་། སི་ཁྲོན་སློབ་ཆེན་སེམས་ཁམས་བདེ་ཐང་སློབ་གསོའི་ལྟེ་གནས་ཆེད་རམས་པའི་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པ་རེད། རྟོགས་སད་གྲུབ་མཐའི་རིགས་པའི་ཁུངས་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཡིན་ཞིང་སྟབས་བདེ་མོར་བཤད་ན་ལུས་སེམས་སྐྱོང་ཐབས་ཤིག་སྟེ་མིའི་རང་ངོས་ཀྱི་མི་མངོན་པའི་ནུས་པ་བསླངས་ནས་ནང་སེམས་དང་ཕྱིའི་བྱ་སྤྱོད་ཞི་མཐུན་ཡོང་བའི་རིག་པ་ཞེས་ལ་ཟེར་བ་རེད།།


  • ལེ་ཚན་སྔོན་མ།:འཕེལ་རྒྱས་ཀྱི་འགོག་རྐྱེན་མེད་པར་བཟོས་ནས་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་། ཡུལ་བབ་དང་བསྟུན་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏང་དགོས།
  • ལེ་ཚན་རྗེས་མ།:2018ལོའི༼ གངས་དཀར་རི་བོ ༽ ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
  • དོ་སྣང་ཆེ་བའི་རྩོམ།