2018ལོའི༼ གངས་དཀར་རི་བོ ༽ ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག

མཁས་གྲུབ།        2018-10-23

    ཟླ་བ10པའི་ཚེས23ནས25ཡི་བར། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། ༼  གངས་དཀར་རི་བོ ༽  དུས་དེབ་ཁང་གིས་སྒྲུབ་འགན་ཁུར་བའི2018ལོའི༼  གངས་དཀར་རི་བོ ༽ ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོའི་ཁམས་པའི་མགྲོན་བྲང་ཆེན་མོ་རུ་འཚོག་པ་རེད།

2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག

    ཚེས23ཉིན་གྱི་སྔ་དྲོར། ༼  གངས་དཀར་རི་བོ ༽ དུས་དེབ་ཁང་གི་གཙོ་སྒྲིག་པ་ནད་མེད་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་།དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུ་ཧྲུའུ་ཅི་དབལ་ཤུལ་ཕུན་ཚོགས་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞ་ཡུང་ཀྲི་གཉིས་ཀྱིས་གཏམ་བཤད་བྱས་པ་རེད།ཚོགས་འདུ་རུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཅུས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྡོང་ཆུ་ཤེལ་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། ༼  གངས་དཀར་རི་བོ ༽ ཡི་གདན་ཞུས་གཙོ་སྒྲིག་པ་གངས་དབང་བཀྲ་ཤིས། སྤང་ལྗོངས་དུས་དེབ་ཀྱི་གཙོ་སྒྲིག་པ་ལན་ཞའོ་མེ། ཅན་ནན་རྩོམ་རིག་གི་གཙོ་སྒྲིག་པ་ཝང་ཏེ་པའོ། སི་ཁྲོན་རྩོམ་རིག་གི་གཙོ་སྒྲིག་པ་གཞོན་པ་ཀྲུའོ་ཧུའེ། སྐར་མའི་སྙན་ངག་གི་རྩོམ་སྒྲིག་པ་ལི་དབྱང་བཅས་ཞུགས་པ་དང་། དེ་བཞིན་ཞིང་ཆེན་དང་ཁུལ། རྫོང་རིམ་པ་སོགས་ཀྱི་སློབ་གྲྭ་ཁག་དང་ནང་བསྟན་སློབ་གླིང་། སྡེ་ཚན་སོ་སོ་ནས་ཡོང་བའི་སེར་སྐྱ་ཕོ་མོ་བཅས་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་བརྒྱ་ལ་ཉེ་བ་གསོ་སྦྱོང་ཚོགས་འདུར་ཞུགས་པ་རེད།

2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག
2018ལོའི༼  གངས་དཀར་རི་བོ ༽  ཡི་རྩོམ་པ་པོ་གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་དར་མདོར་འཚོག

    ཉིན་གསུམ་རིང་གི་གསོ་སྦྱོང་ཚོགས་འདུ་རུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཅུས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྡོང་ཆུ་ཤེལ་དང་སྐར་མའི་སྙན་ངག་གི་རྩོམ་སྒྲིག་པ་ལི་དབྱང་།སི་ཁྲོན་མི་རིགས་སློབ་གླིང་གི་འཆད་ཁྲིད་དགེ་རྒན་མ་ཡིང་ཁྲུན། ༼  གངས་དཀར་རི་བོ ༽ དུས་དེབ་ཁང་གི་སྒྲུང་གཏམ་རྩོམ་སྒྲིག་པ་ཚེ་རིང་ནོར་བུ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདེ་སྐྱིད་མཚོ། རྩོམ་པ་པོ་ཀོ་ཉི་བཅས་ཀྱིས་འཆད་ཁྲིད་གནང་རྒྱུ་རེད།


  • ལེ་ཚན་སྔོན་མ།:ཞི་མཐུན་གྱི་རང་ཉིད། བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་གཞོན་ནུ་ཚོར་ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་ལས་སྟེགས་བཟོས།
  • དོ་སྣང་ཆེ་བའི་རྩོམ།