རྒྱལ་ཡོངས་ཀྱི་ཞིང་ལས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2018-09-20

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། སྤྱི་ཟླ9ཚེས4ནས་ཚེས5ཉིན་གྱི་བར་ཞིང་ལས་དང་གྲོང་གསེབ་པུའུ་དང་། མི་དོན་པུའུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི2018ལོའི་ཀྲུང་གོའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྟེ་རྒྱལ་ཡོངས་ཀྱི་ཞིང་ལས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་ཅང་སུའུ་ཐའེ་ཀྲོའུ་རུ་བྱས་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཐོག་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་བྱེད་སྟངས་ཀྱི་རྩལ་ནུས་ཕྱོགས་ཡོངས་ནས་འགྲན་པ་དང་། ས་གནས་ཁག་གི་བདམས་ཐོན་པས་མཉམ་དུ་རྩལ་འགྲན་པ་བརྒྱུད་ཉམས་འགྱུར་གང་ལེགས་མངོན་ཡོད། རྒྱལ་ཁབ་ཀྱི་དབུ་བཞུགས་ཕྱུགས་ནད་སྨན་པ་ཀྲང་ཀྲུང་ཆིའུ་འགྲན་བསྡུར་ཆེ་མོའི་འགོ་འཛུགས་མཛད་སྒོར་ཕེབས་པ་མ་ཟད། སྐབས་དང་པོའི་རྒྱལ་ཡོངས་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར“རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པར”གཟེངས་རྟགས་དང་ལག་ཁྱེར་སྤྲད་པ་རེད།། 


  • ལེ་ཚན་སྔོན་མ།:ཀྲུང་གོའི་ཆེས་མཛེས་པའི་དུས་དེབ་ནང་བོད་ཡིག་དུས་དེབ་ཅིག་ཐོན།
  • ལེ་ཚན་རྗེས་མ།:ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ཚད་ལོན་བྱུང་ཚད་བརྒྱ་ཆ93.9ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།