དམག་དམངས་ཀྱི་ཆུ་ལོག་སྔོན་འགོག་གི་བྱེད་སྒོ་ལ་རོགས་སྐྱོར་བྱས།

        2018-07-17

ཆུ་ལོག་སྔོན་འགོག་དང་ཉེན་སྐྱོབ། གནོད་སེལ་སོགས་ཀྱི་ལས་ཀ་གྲ་སྒྲིག་གང་ལེགས་བྱེད་རྒྱུ་དང་། ཆུ་བྲུག་སྐབས་ཀྱི་འདམ་རྡོ་ཆུ་རུད། ཆུ་ལོག་ཞོད་སྐྱོན་སོགས་ཀྱི་གནོད་སྐྱོན་ཤུགས་ཆེན་སྒོས་སྔོན་འགོག་བྱེད་རྒྱུའི་ཆེད་དུ། རང་ཁུལ་གྱི་ས་གནས་སོ་སོའི་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་སྤེལ་ནས། ཆུ་ལོག་སྔོན་འགོག་མྱུར་སྐྱོབ་ཀྱི་ཕྲལ་བྱུང་ཁ་གཏད་དང་གནོད་སེལ་ནུས་པ་མཐོར་འདེགས་སུ་བཏང་ཡོད། 

  བཙན་ལྷ་རྫོང་ལ་ཆུ་བྲུག་པའི་དུས་སྐབས་ནས་བཟུང་། ཆར་འབབ་ཐེངས་མང་བ་དང་། ས་གཤིས་གནོད་སྐྱོན་བྱུང་སླ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས།

 ཉེ་སྔོན། རྫོང་དྲག་ཆས་པུའུ་ཡིས་མེ་ཞིན་གྲོང་རྡལ་དང་མཉམ་འབྲེལ་བྱས་ནས་དམག་དམངས་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་སྤེལ། ད་ཐེངས་ཀྱི་འཁྲབ་སྦྱོང་གཙོ་བོ་ནི་དམངས་དམག་འཐབ་བརྩོད་གྲ་སྒྲིག་ལ་འཆར་འགོད་དང་། མགྱོགས་མྱུར་བསྡུ་རུབ། ཕྱིར་འཐེན་དང་སྤོ་སྒྱུར་སོགས་ཀྱི་ནུས་པ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས།བྱེད་སྒོའི་ཁྲོད་དུ། དམག་དམངས་དགུ་བཅུ་གོ་ལྔ་དེ་རྫོང་དང་། ཡུལ་ཚོ། སྡེ་བ་བཅས་དང་མཉམ་དུ་འཁྲབ་སྦྱོང་བྱས་ནས། ཐེངས་འདིའི་འཁྲབ་སྦྱོང་དེ་དམག་དམངས་ལས་སྤྱི་ཚོགས་འོས་འགན་འདུ་ཤེས་མཐོར་འདེགས་སུ་བཏང་ཏེ། མཁོ་བསྟུན་མྱུར་སྐྱོབ་རུ་ཁག་གིས་གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་ལ་མགྱོགས་མྱུར་གྱིས་མཁོ་བསྟུན་

བྱེད་རྒྱུའི་ནུས་པ་ཇེ་མཐོར་བཏང་ཡོད། 

 རྫོང་མི་དམངས་དྲག་དཔུང་པུའུ་ཡིས་དཔོན་དམག་དང་དམག་དམངས་ལ་མཁོ་བསྟུན་ཡན་ལག་རུ་ཁག་རྩ་འཛུགས་བྱས་ནས་འཁྲབ་སྦྱོང་བྱེད་སྒོ་སྤེལ།སྡོམ་པའི་ལས་བྱེད་ལས་བཟོ་བ་དང་དམག་དམངས་བཞི་བཅུ་ལྷག བཀོད་འདོམས་རླངས་འཁོར་གསུམ། འཕྲུལ་རྟ་བཅོ་ལྔ་བཅས་ཡོད། ཆུ་ལོག་གི་ཉེན་ཁ་འགོག་པ་རྒྱབ་ལྗོངས་སུ་བཞག་ནས། ཆུ་བྲུག་པའི་དུས་སྐབས་ཀྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་བསྡུ་རུབ་སྐུལ་སློང་དང་། འཕྲུལ་རྟ་ཅན་བབ་བསྟུན་དམག་འཐབ། བཀོད་འདོམས་ཁང་འཛུགས་པ། བྱེས་འཐབ་ཐབ་ལས། ཆུ་ལོག་མྱུར་སྐྱོབ་བྱེད་སྒོ། ཕྱིར་འཐེན་རྩ་འཛུགས་སོགས་སྦྱོང་འཁྲབ་སྦྱོང་བྱས། རྒྱུས་ལོན་པར་ལྟར་ན། འཁྲབ་སྦྱོང་ལས་འཐབ་བརྩོད་གྲ་སྒྲིག་རྩ་འཛུགས་ལག་ལེན་གོ་རིམ་སྔར་ལས་རྒྱུས་ལོན་བྱེད་དུ་བཅུག་ཡོད་པ་དང་། འཐབ་བརྩོད་གྲ་སྒྲིག་ལས་ཀའི་བྱང་ཚད་ཞིབ་བཤེར་བྱས། མཁོ་བསྟུན་འཁྲབ་སྦྱོང་འོས་འགན་ལ་ཚད་མཐོའི་སྒོས་རྨང་གཞི་བརྟན་པོ་བཞག་ཡོད་པ་རེད།

སྡེ་བ་བཅས་དང་མཉམ་དུ་འཁྲབ་སྦྱོང་བྱས་ནས། ཐེངས་འདིའི་འཁྲབ་སྦྱོང་དེ་དམག་དམངས་ལས་སྤྱི་ཚོགས་འོས་འགན་འདུ་ཤེས་མཐོར་འདེགས་སུ་བཏང་ཏེ། མཁོ་བསྟུན་མྱུར་སྐྱོབ་རུ་ཁག་གིས་གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་ལ་མགྱོགས་མྱུར་གྱིས་མཁོ་བསྟུན་བྱེད་རྒྱུའི་ནུས་པ་ཇེ་མཐོར་བཏང་ཡོད།

  • ལེ་ཚན་སྔོན་མ།:འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དམངས་ཕན་སྲིད་ཇུས་གཏན་འབེབ་གནང་།
  • ལེ་ཚན་རྗེས་མ།:ཞི་བདེ་ཉི་མའི་སྙན་རྩོམ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།