འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམངས་ཕན་སྲིད་ཇུས་གཏན་འབེབ་གནང་།

        2018-07-17

 དུས་རབས་ཀྱི་འཁོར་ཕྱོགས་དང་བསྟུན་ནས་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མཐོར་འདེགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་སྲིད་གཞུང་གི་མཐུན་སྦྱོར་རོགས་སྐྱོར་འོག འབྲོག་པ་མང་ཚོགས་ལ་ཡོང་འབབ་བསྡུ་ལེན་གྱི་བྱེད་ཐབས་གསར་བ་བེད་སྤྱད་ནས། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཇེ་མཐོར་བཏང་།

 མཛོད་དགེ་རྫོང་ནི་རོང་འབྲོག་ལས་གཙོ་བོ་གཉེར་བའི་འབྲོག་རྫོང་ཞིག་ཡིན་ལ། རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་ལ་ས་མུའུ་ཁྲི་མང་པོ་ཡོད། ལས་རིགས་ལག་རྩལ་གྱི་སློབ་གསོ་ཡར་རྒྱས་འགྲོ་བ་དང་བསྟུན་ནས་རྫོང་གི་མངའ་ཁོངས་ཀྱི་ཐང་སྐོར་གྲོང་རྡལ་ན་ས་གནས་མང་ཚོགས་ཀྱི་གནས་བབས་ཀྱི་དགོས་མཁོ་ལ་བསྟུན་ནས། འབྲོག་ལས་མཉམ་ལས་ཁང་ལས་འཛུགས་བྱས་དེ་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མཐོར་འདེགས་སུ་གཏོང་བཞིན་ཡོད།     




  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་ཨུའི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།
  • ལེ་ཚན་རྗེས་མ།:དམག་དམངས་ཀྱི་ཆུ་ལོག་སྔོན་འགོག་གི་བྱེད་སྒོ་ལ་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།