ཞིང་ཆེན་ཡོངས་ཀྱི་སྔོན་དུ་རང་ཁུལ་གྱི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ཡོངས་སུ་ཁེབས་ཐུབ་པ་བྱུང་།

དབྱངས་ཅན་གྱིས་བསྒྱུར།        2018-07-16

    གསར་འགོད་པས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་དོན། སྤྱི་ཟླ6པའི་ཟླ་མཇུག་བར་དུ་སླེབས་སྐབས། རང་ཁུལ་གྱི་སྤྱི་ཚོགས་ཉེན་འགོག་འགན་ལེན་སྒྲུབ་གཉེར་བྱེད་མཁན་ལས་ཁུངས་ཀྱིས་ཁུལ་ཡོངས་སུ་ལོ་ན16ཡན་གྱི་དབུལ་ཕོངས་མི་འབོར179400ཡི་གཞི་གྲངས་དཔྱད་བསྡུར་གནད་དུ་འཁེལ་བ་བྱས་ཏེ་ཡིག་མཛོད་ནང་འཇོག་པའི་ལས་ཀ་ལེགས་འགྲུབ་བྱུང་བ་རེད། འདི་ནི་རང་ཁུལ་ལ་ཞིང་ཆེན་ཡོངས་སུ2018ལོར་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀའི་འགན་འཁྲི་སྒྲུབ་ཐུབ་མཁན་གྱི་གྲོང་ཁྱེར(ཁུལ)དང་པོར་གྱུར་པར་མ་ཟད།ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀ་ཡོངས་སུ་ཁེབས་པའི་ས་ཁུལ་དུ་གྱུར་པར་མཚོན་པ་རེད།

   ཁུལ་སྤྱི་ཚོགས་ཉེན་འགོག་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་དོན། ད་ལོ་ནས་བཟུང་།རང་ཁུལ་གྱི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་སྒྲུབ་གཉེར་བྱེད་མཁན་ལས་ཁུངས་ཀྱིས་ཏན་ཏིག་གིས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀ་དེ་ལས་ཀ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ཉེན་འགོག་འགན་ལེན་ཐིང་གི་གསོ་སྦྱོང་བྱ་རྒྱུའི་ལས་ཀ་དེ་གཞུང་ཕྱོགས་ནས་གཙིགས་བཟུང་བྱས་ཏེ་དུད་ཚང་རེ་རེ་བཞིན་དཔྱད་བསྡུར་བྱས་པར་བརྟེན། ལྟ་སྐུལ་ཁྲིད་སྟོན་གྱི་ལས་ཀ་དུས་ཐོག་དང་ནུས་པ་ལྡན་པ། གཞི་གྲངས་ཀྱི་ཆ་འཕྲིན་གནད་དུ་འཁེལ་བ་དང་ཕན་ནུས་ལྡན་པ་བཅས་བཞི་ཁག་ཐེག་བྱེད་པའི་བཀའ་སློབ་ཀྱི་སྙིང་དོན་ལྟར། སྡེ་ཁག་བར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཆ་འཕྲིན་གནད་དུ་འཁེལ་བར་ཁོང་དུ་ཆུད་ཐུབ་པ་དང་། རིམ་པ་རེ་རེ་བཞིན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ། ལས་སྒྲུབ་ཀྱི་ཁོར་ཡུག་བཟང་འགྱུར་དང་ལས་ཀ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀར་སྐུལ་འདེད་བཏང་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད། སྤྱི་ཟླ6པའི་ཟླ་མཇུག་བར་དུ་སླེབས་སྐབས། རང་ཁུལ་གྱིས་ལོ16ནས59བར་གྱི་མི་གྲངས་ཁྱོན་བསྡོམས146716ལ་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་མ་དངུལ་སྤྲོད་རོགས་བྱས་པ་དང་། ལོ60ཡན་གྱི་དབུལ་ཕོངས་མི་གྲངས32684ཡིས་ཐོབ་ཐང་མ་དངུལ་ལེན་ཐུབ་པ་དང་ཆབས་ཅིག ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རང་ཁུལ་ལ་གཏོང་གྲབས་ཡོད་པའི་མ་དངུལ་སྒོར་ཁྲི2503.38སྲིད་གཞུང་གིས་དབུལ་ཕོངས་མི་སྣར་ཚབ་སྤྲོད་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་མ་དངུལ་ཡང་རྫོང(གྲོང་ཁྱེར)སོ་སོའི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་སྒྲུབ་གཉེར་ལས་ཁུངས་སུ་ཡོངས་རྫོགས་དོན་འཁྱོལ་བྱས་ཚར་བ་རེད།། 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་རྟའུ་དང་བྲག་མགོ གསེར་ཐར་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་གྱིས
  • ལེ་ཚན་རྗེས་མ།:དཀར་མཛེས་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་ཡིད་རྟོན་དངུལ་བུན་ལྟེ་གནས་གཉིས་པ་ལི་ཐང་དུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།