དཀར་མཛེས་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་ཡིད་རྟོན་དངུལ་བུན་ལྟེ་གནས་གཉིས་པ་ལི་ཐང་དུ་བཙུགས།

དབྱངས་ཅན་གྱིས་བསྒྱུར།        2018-07-16

   ཉེ་ཆར།དཀར་མཛེས་ཞིང་སྡེའི་ཡིད་རྟོན་དངུལ་བུན་ལྟེ་གནས་གཉིས་པ་འཛུགས་འགོ་བཙུགས་ཤིང་།དངུལ་ཁང་དང་སྲིད་གཞུང་།ཁེ་ལས་བཅས་ཀྱིས་ཡིད་རྟོན་དང་ལེན་བྱེད་པའི་མཛད་སྒོ་དེ་ལི་ཐང་དུ་སྤེལ་བ་རེད།

   ལི་ཐང་རྫོང་ལ་དཔལ་འབྱོར་འཕེལ་རྒྱས་དང་དངུལ་རྩའི་ཁོར་ཡུག་བཟང་པོ་ཡོད་པས།དཔལ་འབྱོར་འཕེལ་རྒྱས་བརྟན་ཁྲོད་ཡར་རྒྱས་དང་།གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་འཇོག་བརྟན་ཁྲོད་མཐོར་འདེགས། འཛད་སྤྱོད་ཚོང་ཁྲོམ་རྒྱུན་མཐུད་དུ་དར་རྒྱས། གྲོང་ཁྱེར་དང་གྲོང་གསེབ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་ཁྲོད་མཐོ་རུ་ཕྱིན་པ་རེད། ཉེ་བའི་ལོ་ཤས་རིང་། རྫོང་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་འཕར་སྣོན་འགྲོ་མགྱོགས་པ་དང་ཆགས་ཚུལ་རྒྱུན་ཆད་མེད་པར་ལེགས་འགྱུར་ཡོང་བ། འཕར་སྣོན་གཏོང་སྟངས་དགེ་མཚན་ལྡན་པའི་ངང་འགྱུང་ལྡོག་འགྲོ་བཞིན་པའི་གནས་བབ་བཟང་པོར་ཆགས་དང་ཆགས་བཞིན་ཡོད་པ་རེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐའ་གཅིག་ཏུ་དངུལ་རྩའི་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩ་ཁེ་ལས་ཀྱིས་ས་གནས་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་ཆ་རྐྱེན་བསྐྲུན་པ་རེད། དཀར་མཛེས་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གིས་མཐའ་གཅིག་ཏུ་ཞིང་ལས་སྐོར་གྱི་གནད་དོན་གསུམ་དང་། ཁེ་ལས་ཆུང་གྲས། ས་གནས་དཔལ་འབྱོར་བཅས་ལ་ཞབས་ཕྱི་སྒྲུབ་པ་དེ་རང་ཉིད་ཀྱི་འགན་འཁྲི་ལ་བརྩིས་ཏེ། ལས་སྒོ་སྣ་ཚོགས་རྒྱ་སྐྱེད་གཏོང་གང་ཐུབ་བྱས་ནས་ལི་ཐང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།

   དཀར་མཛེས་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་ཡིད་རྟོན་དངུལ་བུན་ལྟེ་གནས་གཉིས་པ་དེ་ལི་ཐང་དུ་འཛུགས་གཉེར་བྱས་རྗེས། རྫོང་དེའི་དངུལ་རྩ་གཏོང་འཇོག་གི་ཐབས་ལམ་རྒྱ་སྐྱེད་བཏང་བ་དང་། དངུལ་རྩའི་འདེགས་སྐྱོར་ནུས་པ་བཏོན་ནས་དངུལ་རྩ་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་པར་བརྟེན། དབུལ་ཐར་བྱུང་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་སྲིད་གཞུང་གིས་ད་དུང་དཀར་མཛེས་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་དང་དངུལ་རྩས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་སྔོན་དུ་རང་ཁུལ་གྱི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ཡོངས་སུ་ཁེབས་ཐུབ་པ་བྱུང་།
  • ལེ་ཚན་རྗེས་མ།:སྡེ་དགེའི་ཞིང་འབྲོག་པའི་བུ་རྒྱུད་ཚོ་རང་ཉིད་ཀྱི་སྒོ་ཁར་ཡོད་པའི་བྱིས་བཅོལ་ཁང་དུ་འགྲོ་ཆོག
  • དོ་སྣང་ཆེ་བའི་རྩོམ།