འདབ་པ་རྫོང་གིས་ནུས་ཤུགས་ཡོད་དགུས་ཆུ་འབྲུབ་དུས་ཀྱི་ཉེན་མེད་འགན་སྲུང་བྱེད།

དབྱངས་ཅན་གྱིས་བསྒྱུར།        2018-07-11

    ཆུ་འབྲུབ་དུས་ཉེན་མེད་ངང་བརྒལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱེད་ཆེད། ཉེ་ཆར་འདབ་པ་རྫོང་གིས་ཆུ་ལོག་སྔོན་འགོག་གི་མཁོ་བསྟུན་གྲབས་གཤོམ་ཇུས་གཞི་ལས་འགོ་བཙུགས་པ་རེད། གྲུབ་མིའི་སྡེ་ཚན་སོ་སོས་ཆུ་འབྲུབ་དུས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཕན་ནུས་ལྡན་པའི་སྒོས་མཁོ་བསྟུན་གྱི་གྲ་སྒྲིག་ལས་ཀ་སྣ་ཚོགས་ཡག་པོ་བསྒྲུབས་ཏེ་ཆུ་འབྲུབ་དུས་ཉེན་མེད་ངང་བརྒལ་ཐུབ་པར་ཁག་ཐེག་བྱས་པ་རེད།

    ད་ཐེངས་དྲག་ཆར་འབབ་པར་དམིགས་ནས་འདབ་པ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་བླ་ན་མེད་པར་བྱས་པ་དང་། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོས་མགྱོགས་མྱུར་དུ་དང་ལེན་བྱས་ནས་ནུས་ཤུགས་ཡོད་རྒུས་ཆུ་འབྲུབ་དུས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པ་བཟོས་པ་རེད། མིག་སྔར། རྫོང་དེའི་ཆུ་ལོག་སྔོན་འགོག་གི་འགན་ཁུར་མི་སྣ་ཚང་མ་ལས་གནས་ཐོག་ཕྱིན་ནས་མཁོ་བསྟུན་གྱི་ལས་ཀ་སྣ་ཚོགས་ཡག་པོ་སྒྲུབ་པ་དང་། ས་གཤིས་ཀྱི་མངོན་མེད་གནོད་སྐྱོན་ཡོད་ས་དང་གནོད་སྐྱོན་གྱི་གནས་ཚུལ་བྱུང་སར་ཚང་མར་འབྲེལ་ཡོད་འགན་ཁུར་མི་སྣས་ཆུ་ཚོད24ལ་ལས་རེས་གཏན་སྲུང་བྱས་ཏེ། དུས་ནམ་ཡང་གནོད་སྐྱོན་གྱི་གནས་ཚུལ་བྱུང་སླ་སར་དོ་ཁུར་བྱེད་པ་དང་། གནོད་སྐྱོན་གྱི་གནས་ཚུལ་བྱུང་མ་ཐག་ཏུ་གོང་ལ་སྙན་ཞུ་བྱ་རྒྱུ་དང་དེ་མ་ཐག་མྱུར་སྐྱོབ་བྱེད་ཐུབ་པར་ཁག་ཐེག་བྱས་པ་དང་ཆབས་ཅིག རྫོང་ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་དང་། རྫོང་ཆུ་དོན་ཅུས། རྒྱལ་ས་ཐོན་ཁུངས་དོ་དམ་སོགས་སྡེ་ཁག་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་གིས་ཤང་དང་གྲོང་རྡལ་སོ་སོར་ཆུ་ལོག་དང་ཐན་སྐྱོན་སྔོན་འགོག་གི་ལས་ཀ་དང་།རི་ཉིལ་བ་དང་ཆུ་ལོག་གི་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀར་ཞིབ་བཤེར་ཆེན་པོ་བྱས་ཏེ། རྗེས་འདེད་ཞིབ་བཤེར་ཡིག་རིགས་དང་ཡུལ་དངོས་སུ་ལྟ་སྐུལ་ཁྲིད་སྟོན་སོགས་ཀྱི་བྱེད་སྟངས་སྤྱད་ནས་གནས་པའི་གནད་དོན་དང་མི་འདང་སར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པར་མ་ཟད། ཤང་དང་གྲོང་རྡལ་སོ་སོར་དག་ཐེར་བཅོས་སྐྱོང་དང་དོན་འཁྱོལ་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ཁ་ཤ་གསོས་ནས་ཕྱུག་འགྱུར་གྱི་སྒོ་མོ་འབྱེད།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ཆུ་འབྲུབ་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཐད་ཞིབ་བཤེར་ཆེན་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།