རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།

བོད་ཡིག་སློབ་གྲྭའི་རྩོམ་རིག་ཚོགས་པ་ནས།        2018-04-21

རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།
ཚོགས་རའི་ཡུལ་དངོས།

           2018ལོའི་ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར་སྐབས་དང་པོའི《གངས་དཀར་རི་བོ།》དུས་དེབ་སློབ་གླིང་དུ་བསྐྱོད་པ་ཞེས་པའི་རྩོམ་རིག་བགྲོ་གླེང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་འཚོགས་པ་རེད།

 རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།
དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་ཀྱིས་གཏམ་བཤད་བྱེད་བཞིན་པ།

རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།
གངས་དཀར་རི་བོ་དུས་དེབ་ཀྱི་གཙོ་སྒྲིག་པ་གངས་དབང་གིས་གཏམ་བཤད་བྱེད་བཞིན་པ།

      ཚོགས་ཐོག་ཏུ་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་ལགས་ཀྱིས་གཙོ་བོར་བྱས་པའི་གངས་དཀར་རི་བོ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམས་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཏང་ཨུའུ་ཧྲུའུ་ཅི་དང་སློབ་གཙོ་འཇམ་བློ་ལགས་ཀྱིས་གཙོ་བོར་བྱས་པའི་དགེ་སློབ་ཉིས་བརྒྱ་ལྷག་ཞུགས་ཡོད། ཚོགས་ཐོག་ཏུ《གངས་དཀར་རི་བོ།》དུས་དེབ་ཀྱི་འདས་མ་ད་གསུམ་དང་འབྲེལ་བའི་བགྲོ་གླེང་བྱེད་དུས།《གངས་དཀར་རི་བོ།》དུས་དེབ་ཀྱི་གཙོ་སྒྲིག་པ་ཡིས་དུས་དེབ་འདི་ནི་བོད་ཀྱི་རྩོམ་པ་པོ་སྤྱི་དང་སྒོས་སུ་ཁམས་ཕྱོགས་ཀྱི་རྒན་དར་གཞོན་གསུམ་གྱི་རྩོམ་པ་པོའི་མི་ཚེའི་དགའ་སྐྱོ་སྨིན་ཆོག་སའི་ཐུན་མོང་གི་གླེང་སྟེགས་ཤིག་ཡིན་ལ། དཀའ་སྡུག་འགལ་རྐྱེན་མང་པོ་ཞིག་གི་ཁྲོད་ནས་ད་བར་དུ་སྤྱིའི་དེབ་གྲངས་བརྒྱ་ཐམ་པར་ཐོན་ཡོད། སླད་མར་མུ་མཐུད་ནས་ས་གནས་སོ་སོའི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་མང་ཙམ་འདོན་སྤེལ་བྱས་ཏེ་སྤུས་ཀ་ཇེ་བཟང་དུ་གཏོང་རྒྱུ་ཡིན་ཞེས་གསུངས། ཁྱད་པར་དུ་ཁོང་གིས་སློབ་གྲོགས་ཚོ་ལ་རྩོམ་ཡིག་འབྲི་བ་ནི་རང་ཉིད་འབྲི་བ་ཡིན་པས་གསར་བརྩམས་བྱས་པའི་མཐར་ཐུག་གི་ནུས་པའང་རང་ཉིད་འཐུས་ཚང་དུ་གཏོང་དགོས་པ་དེ་རེད་ཅེས་པས་སློབ་མ་ཚོ་ལ་དྲན་སྐུལ་ཆེན་པོ་ཐེབས།

རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།
རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།

བགྲོ་གླེང་ཚོགས་འདུ་རུ་སློབ་མ་རྣམས་ཀྱིས་དྲི་བ་འདོན་བཞིན་པ།

      བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་འགྱུར་མེད་ཚེ་དབང་ལགས་ཀྱིས་གསུངས་དོན། དྲང་མོར་བཤད་ན། 《གངས་དཀར་རི་བོ》དུས་དེབ་ཀྱིས་བོད་ཡིག་སློབ་གྲྭ་ལ་རྩོམ་རིག་གི་ཁ་དབུགས་གང་གནང་མྱོང་ལ། བོད་ཡིག་སློབ་གྲྭས་ཀྱང་དུས་དེབ་ལ་རྒྱབ་སྐྱོར་ངེས་ཅན་བྱས་མྱོང་། དེའི་ཕྱིར།《གངས་དཀར་རི་བོ》དུས་དེབ་དང་བོད་ཡིག་སློབ་གྲྭའི་བར་དུ་ད་བར་དུ་མཛེས་སྡུག་གི་ཕྱིར་དྲན་ཡོད་པ་ཅིས་ཀྱང་བརྗེད་མི་རུང་། ང་སྒེར་ལ་མཚོན་ན། དུས་དེབ་འདིས་ངའི་སྙན་ངག་དང་དཔྱད་རྩོམ་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་སྒུལ་ཤུགས་ཟབ་མོ་སྟེར་མྱོང་པས་སྙིང་ཐག་པ་ནས་བཀའ་དྲིན་ཞུ་འོས་ཞེས་གསུང་བཤད་གྱ་ནོམ་པ་གནང་།


རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།

རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།

བོད་ཡིག་སློབ་གྲྭའི་སློབ་ར།

      དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་ལགས་ཀྱིས་ཁམས་ཕྱོགས་ཀྱི་རྩོམ་རིག་སྒྱུ་རྩལ་སྐོར་ལ་གསུང་བཤད་གལ་ཆེན་གནང་བས་མ་ཚད་སློབ་མ་རྣམས་ལ་སྐུལ་སློང་མཛད་པ་རེད། མཐར་སློབ་མ་དང་རྩོམ་སྒྲིག་པ་རྣམས་ཀྱིས་དྲི་བར་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་མང་ཙམ་བྱས་པས་ཐེངས་འདིའི་བྱ་འགུལ་ལ་གྲུབ་འབྲས་ཡིད་སྨོན་པ་ཐོབ་ཡོད།


  • ལེ་ཚན་སྔོན་མ།:《དཀར་མཛེས་ཉིན་རེའི་ཚགས་པར》གྱི་པར་ངོས་ལེགས་བཅོས་འགྲུབ་པར་འདུ་འགོད་ཚགས་ཚུད་བྱེད།
  • ལེ་ཚན་རྗེས་མ།:གོ་སླའི་ཚིག་གིས་ད་ལོའི་ཁུལ་ཨུའི་ཡིག་ཆ་དང་པོའི་ནང་དོན་གསལ་བཀྲོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།