《དཀར་མཛེས་ཉིན་རེའི་ཚགས་པར》གྱི་པར་ངོས་ལེགས་བཅོས་འགྲུབ་པར་འདུ་འགོད་ཚགས་ཚུད་བྱེད།

        2018-04-20

1954ལོའི་ཟླ་བ8ཚེས23ཉིན《དར་མདོའི་ཚགས་པར》རང་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་བྱེད་པའི་སྐབས་སུ་གསར་འདོན་བྱས་ཤིང་། དུས་དེ་ནས་བཟུང《དར་མདོའི་ཚགས་པར》ནས《དཀར་མཛེས་ཚགས་པར》དེ་ནས《དཀར་མཛེས་ཉིན་རེའི་ཚགས་པར》དུ་རིམ་སྒྱུར་བྱས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་ཏང་དང་སྲིད་གཞུང་། མི་དམངས་ཀྱི་མགྲིན་ཚབ་བྱས་པ་རེད། ལོ64ཡི་རིང་ལ《དཀར་མཛེས་ཉིན་རེའི་ཚགས་པར》ཁང་གི་རིམ་བྱོན་གྱི་ལས་སྒྲུབ་མི་སྣས་ཆེད་ལས་ཀྱི་ནུས་རྩལ་བཏོན། གཞན་ཕན་གྱི་འཕྲིན་ལས་སྤེལ་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རིམ་ཟིན་ཐོ་བཀོད་ནས་ལོ་རྒྱུས་དཔྱད་གཞི་ཉར་ཚགས་བྱས་དང་བྱེད་བཞིན་ཡོད་པ་རེད།

1954ལོ་ནས1978ལོར་སླེབས་སྐབས་དཀར་མཛེས་ཉིན་རེའི་ཚགས་པར་ལ་ལོ་རྒྱུས་རང་བཞིན་གྱི་རླབས་ཆེ་བའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་འགྲོས་དང་བསྟུན་ནས་འཕེལ་ཁ་དར་བའི་ལམ་བུར་སྐྱོད་འགོ་བཙུགས།  2018ལོ་ནི་རང་རྒྱལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བ་ཡིན་ལ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡང་ཡིན་པ་རེད།  སྔར་ལྷག་གིས་བཅོས་བསྒྱུར་གྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱི་དྲན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་བསྡོམས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་དང་སྨྱན་སྦྱོར་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏང་རྒྱུའི་ཐད་གནང་བའི་བཀའ་སློབ་ཀྱི་དགོངས་དོན་དང་ལེན་ཞུས་ཏེ་མཉམ་དུ་རྣམ་པ་གསར་པ་འཛུགས་སྐྱོང་བྱ་ཆེད། ད་ཐེངས2018ལོའི་ཟླ་བ5པའི་ཚེས་གཅིག་ཉིན་ནས《དཀར་མཛེས་ཉིན་རེའི་ཚགས་པར》གྱི་པར་ངོས་སླར་ཡང་ལེགས་བཅོས་བྱེད་པའི་གོ་སྐབས་དང་བསྟུན་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཀློག་པ་པོར་ཚགས་པར་ལས་སྟངས་ཐད་བསམ་འཆར་ཡག་པོ་འཚོལ་སྡུད་དང་ཀློག་པ་པོའི་ལག་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ40འཁོར་བའི་གཅེས་ཉར་ཚགས་པར་འཚོལ་བསྡུ་བྱ་རྒྱུ་ཡིན་པས་ཚང་མ་དེར་ཞུགས་པར་དགའ་བསུ་ཞུ།།

དང་པོ། བསམ་འཆར་ཡག་པོ་འཚོལ་སྡུད་སྐོར། 

འཚོལ་སྡུད་དུས་ཚོད། ད་ལྟ་ནས2018ལོའི་ཟླ་བ4པའི་ཚེས28ཉིན་གྱི་ཆུ་ཚོད18བར། 

རྩོམ་ཡིག་བསྐུར་ཐབས། (1) རང་གི་བསམ་འཆར་གློག་རྡུལ་ཡིག་ཚགས་བཟོས་ཏེཡིག་སྒམ།gzrb@zznews.comབསྐུར་དགོས། (2)དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གཞུང་ཕྱོགས་འཕྲིན་ཕྲན་ཏེ་ཁམས་པའི་སྨྱན་སྦྱོར་གྱི་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ཏེ་སྐད་འཇོག་སར་སྐད་ཆ་བྲི་ཆོག་པ་རེད།

བྱ་དགའ་སྟེར་སྟངས། བསམ་འཆར་ཡག་པོ་བཅུ་བདམས་ནས་ཟླ་བ5པའི་ཚེས་གཅིག་ཉིན་གྱི་ཚགས་པར་ཐོག་བཀོད་པར་མ་ཟད་བསམ་འཆར་ཡག་པོ་རེར་སྒོར1000གི་བྱ་དགའ་སྤྲད་རྒྱུ་རེད།

གཉིས་པ། གཅེས་ཉར་བྱས་པའི་ཚགས་པར་རྙིང་པ།  (1) 1978ལོའི་སྤྱི་ཟླ12པའི་ཚེས24ཉིན།《དཀར་མཛེས་ཚགས་པར》(རྒྱ་ཡིག)ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་བཀོད་ཡོད་པ་དེ་རེད། (2) 1978ལོའི་སྤྱི་ཟླ12པའི་ཚེས25ཉིན།《དཀར་མཛེས་ཚགས་པར》(བོད་ཡིག)ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་བཀོད་ཡོད་པ་དེ་རེད།།

འཚོལ་བསྡུ་བྱ་རྒྱུའི་དུས་ཚོད། 2018ལོའི་སྤྱི་ཟླ4ཚེས28ཉིན་ནས་སྤྱི་ཟླ11པའི་ཚེས22ཉིན་བར།བྱ་དགའ་སྟེར་སྟངས། གཅེས་ཉར་བྱས་པའི་རྒྱ་ཡིག་དང་བོད་ཡིག་གིདཀར་མཛེས་ཚགས་པརརྙིང་པ་ཡོད་མཁན་ལ་བྱ་དགའ་སྒོར5000རེ་སྟེར་རྒྱུ་ཡིན་པ་རེད།

ཡིག་སྒམ། gzrb@zznews.com

འབྲེལ་བ་བྱེད་སའི་ཁ་པར། 08362835606     08362835751

འབྲེལ་བ་བྱེད་སའི་མི། ཀྲང་ཀྲུའུ་རེན། 18990460119  ཞའོ་ཀྲུའུ་རེན། 15528890178

དམིགས་བསལ་དྲན་སྐུལ། འཚོལ་སྡུད་བྱེད་སྒོ་དེ་གཉིས་ལ་མི་སྒེར་མ་གཏོགས་ཞུགས་མི་ཆོག དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ལས་འཁྱུར་ལས་བྲལ་མི་སྣ་གཏོགས་པའི་ལས་སྒྲུབ་མི་སྣ་ཞུགས་མི་ཆོག་པ་རེད།

  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་གཙང་མ་བསྐྲུན།
  • ལེ་ཚན་རྗེས་མ།:རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།