སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

སེར་ཤུལ་ཟླ་བ་སྒྲོལ་མས་བྲིས།        2018-04-17

སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཆེས་མཐོ་བའི་ས་ཁུལ་དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་གལ་ཆེན་གྱི་ས་ཁུལ་ཞིག་ཀྱང་ཡིན། ས་འདིར་གནས་པའི་མང་ཚོགས་ཀྱིས་གཙོ་བོ་རྩྭ་ས་ལ་བརྟེན་ནས་འཚོ་བ་རོལ་པའི་འབྲོག་ཁུལ་ཞིག་ཡིན་ནའང་། ཡུལ་ཁམས་འདི་རྒྱ་ཁྱོན་ཆེ་ལ་དབྱང་དབུགས་ཉུང་པས་རྩྭ་ཐང་གཙོ་བོ་གྱུར་བའི་སྐྱེ་ཁམས་འདིར། ལོ་ཁ་ཤས་ཀྱི་རིང་ལ་ཨ་བྲའི་གནོད་འཚེ་སོགས་ཤུགས་རྐྱེན་མང་པོས་ས་རྒོད་དང་བྱེ་ཐང་དུ་གྱུར་དང་འགྱུར་བཞིན་ཡོད། རྩྭ་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་རྒྱུ་ནི་ས་ཆ་འདིའི་མི་ཀུན་ལ་འོས་འགན་ཡོད་དེ། ཟླ4པའི་ཚེས13ཉིན་གྱི་སྔ་དྲོར་སེར་ཤུལ་རྫོང་སྡེ་གཞུང་མ་ཡུལ་ཤོག་ཏུ་ཨབ་བསད་རྩྭ་འདེབས་ཀྱི་ལས་ཀ་འགོ་བཙུགས་ཤིང་རྫོང་ཕྱུགས་འབྲོག་ཅུས་ཀྱི་ཆེད་ལས་པས་རྩྭ་སོན་འདེབས་པ་དང་ཨབ་བསད་འབྲིད་ཟས་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་ནས། འགོ་འཛུགས་ཀྱི་སྐད་སྒྲ་དང་མཉམ་དུ་ཨབ་གསོད་རྩྭ་འདེབས་བྱས་ཏེ་རྩྭ་ཐང་སྲུང་སྐྱོང་གི་ལས་ཀའི་བྱེད་སྒོ་རྒྱ་ཆེན་པོ་ཞིག་སྤེལ་མགོ་བརྩམས་ཡོད་པ་རེད།


སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

བྱེད་སྒོ་རུ་རྫོང་འདིའི་རྫོང་ཨུའི་ཧྲུའུ་ཅིས་གཙོ་བོར་བྱས་པའི་རྫོང་རིམ་པའི་འགོ་ཁྲིད་ཡོངས་དང་ལས་བྱེད་པ། ཡུལ་ཤོག་འདིའི་མང་ཚོགས་བཅས་ཨབ་བསད་རྩྭ་འདེབས་ཀྱི་ལས་ཀ་རུ་ཞུགས། རྫོང་ཕྱུགས་འབྲོག་ཅུས་ཀྱི་འགན་ཁུར་པས་བཤད་རྒྱུར།  སྐྱེ་ཁམས་བཅོས་སྐྱོང་དང་སྤང་ལྗོངས་སླར་གསོ་ནི་རྒྱ་ཆེ་བའི་ཏང་ཡོན་གྱིས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་མཚོན་ལ། རྒྱ་ཆེ་བའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་བཏང་ནས།  སེར་ཤུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱས་ནས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུར་འབད་བརྩོན་བྱས་པ་མཚོན་ཡོད། སྔ་དྲོའི་དུས་ཚོད་གཉིས་ལྷག་གིས་རིང་ལ་ས་ཁྱོན་མུའུ10000ལྷག་གི་སར་ཨབ་གསོད་རྩྭ་འདེབས་ཀྱི་ལས་ཀ་བདེ་ལེགས་ངང་མཇུག་རྫོགས་སོང་། མི་ཀུན་གྱིས་དཔྲལ་ཐོག་གི་རྔུལ་ཆུ་ཕྱིས་ཏེ་གདོང་ལ་འཛུམ་གྱིས་ཁེངས་ཤིང་ཡིད་ལ་མ་འོངས་པའི་སེར་ཤུལ་རྩྭ་ཐང་ནི་སྔོ་ལྗང་གིས་རི་ཀླུང་ཁེངས་པའི་ཡུལ་གྲུ་ཞིག་ཏུ་འགྱུར་བར་ཡིད་ཆེས་དང་རེ་བས་ཁེངས་འདུག།

རྩོམ་སྒྲིག་པ་མགར་རྒྱལ་སྲས། 

སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད།
  • དོ་སྣང་ཆེ་བའི་རྩོམ།