དར་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད།

        2018-04-17

ད་ལོ་ནས་བཟུང་དར་མདོ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ད་ལོའི་སྤྱི་ཟླ2པ་ནས་སྤྱི་ཟླ3པའི་བར། དར་མདོ་གྲོང་ཁྱེར་ཁོར་ཡུག་ནགས་ལས་ཅུས་ཀྱིས་མངའ་ཁོངས་ནང་གི་བཟོ་ལས་ཁེ་ལས30ལྷག་ཙམ་ལ་ལྟ་ཞིབ་བྱས་ནས་བཙོག་ཆུ་ཐག་གཅོད་བྱེད་སྟངས་ཐད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བས་མ་ཚད། ལྟ་སྐུལ་དོ་དམ་བྱེད་མཁན་མི་སྣ་སྒྲིག་འཛུགས་བྱས་ཏེ་ནགས་ཁུལ་དུ་ཕྱིན་ནས་ནགས་ཚལ་མེ་འགོག་སྐོར་སྐྱོད་ཞིབ་བཤེར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཉེན་མེད་བདེ་འཇགས་ཡོང་བར་འགན་སྲུང་བྱས་པ་དང་ཆབས་ཅིག འཕྲལ་བྱུང་དོན་རྐྱེན་གྱིས་མཁའ་དབུགས་སྦགས་བཙོག་བཟོས་པར་ནན་འགོག་བྱས་པ་རེད། མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་བྱེད་པའི་དུས་མཚུངས་སུ་གཞུང་དོན་སྒྲུབ་ས་དང་ཡུལ་མིའི་འདུས་སྡེ་ཁུལ་གྱི་ཁོར་ཡུག་གཙང་སྦྲ་ལ་དོ་དམ་ནན་པོ་བྱས་ནས་མི་ཚང་མའི་གཙང་སྦྲ་བྱ་རྒྱུའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།

དར་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྤུས་ཀ་ཇེ་ཡག་གཏང་རྒྱུས་བརྗོད་གཞི་གཙོ་བོའི་བྱེད་པའི་བྱེད་སྒོ་འདི་ད་དུང་མུ་མཐུད་ནས་སྤེལ་བཞིན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་སློབ་གསོའི་ཁོར་ཡུག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།