འབའ་ཐང་རྫོང་བཙལ་བ་གྲོང་སྡེས་བཙལ་བའི་སློབ་གསོ་སྐོར་གྱི་བགྲོ་གླེང་སྐབས་དང་པོ་འཚོགས།

    གངས་ལྗོངས་ཉི་གཞོན།    2018-03-01

འབའ་ཐང་རྫོང་བཙལ་བ་གྲོང་སྡེས་བཙལ་བའི་སློབ་གསོ་སྐོར་གྱི་བགྲོ་གླེང་སྐབས་དང་པོ་འཚོགས།

    སྤྱི་ལོ2018ཟླ2པའི18ཉིན་ནི་བོད་ཟླ་དང་པོའི་ཚེས་གསུམ་ཡིན་ཞིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་བཙལ་བ་སློབ་མ་ཚོགས་པའི་ལོ་བརྒྱད་རིང་གི་ལས་ཀ་ཕྱོགས་བསྡོམས་དང་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་བཙལ་བའི་སློབ་གསོ་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བདེ་ལེགས་ངང་འགོ་ཚུགས། བགྲོ་གླེང་གི་བརྗོད་བྱ་གཙོ་བོ་ནི་བཙལ་བ་གྲོང་སྡེའི་སློབ་གསོ་སྐོར་ཡིན་ཞིང་།  བཙལ་བའི་སློབ་གསོ་ལ་དབྱེ་ན། བཙལ་བ་སློབ་མའི་སློབ་གསོ་དང་བཙལ་བ་གྲོང་པའི་སློབ་གསོ། བཙལ་བ་ཁྱིམ་ཚང་གི་སློབ་གསོ། བཙལ་བའི་ཀུན་སྤྱོད་སློབ་གསོ། བཙལ་བའི་ཁོར་ཡུག་སློབ་གསོ། བཙལ་བའི་འཕྲོད་བསྟེན་སློབ་གསོ། བཙལ་བའི་བདེ་ཐང་སློབ་གསོ། བཙལ་བའི་ནང་ཆོས་སློབ་གསོ། བཙལ་བའི་དཔལ་འབྱོར་དང་ཚོང་ལས་སློབ་གསོ་བཅས་རེད། བཙལ་བ་སློབ་མ་ཚོགས་པ་དང་ཆོས་ལུགས་མི་སྣ། སྡེ་དཔོན། སྡེ་དཔོན་ཟུར་པ། ཚོ་དཔོན། ལས་བྱེད་པ། ཚོང་པ། གྲོང་པའི་མི་དམངས་མང་ཚོགས། སྐུ་མགྲོན་རྣམ་པ་སོགས་བགྲོ་གླེང་ལ་ཞུགས། །

འབའ་ཐང་རྫོང་བཙལ་བ་གྲོང་སྡེས་བཙལ་བའི་སློབ་གསོ་སྐོར་གྱི་བགྲོ་གླེང་སྐབས་དང་པོ་འཚོགས།

འབའ་ཐང་རྫོང་བཙལ་བ་གྲོང་སྡེས་བཙལ་བའི་སློབ་གསོ་སྐོར་གྱི་བགྲོ་གླེང་སྐབས་དང་པོ་འཚོགས།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་སུ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:ཁམས་ཀྱི་བྲིས་པས་བོད་ས་ཕོ་ཁྱིའི་གནམ་ལོ་གསར་པར་ཕུལ་བའི་སྨོན་ཚིག
  • དོ་སྣང་ཆེ་བའི་རྩོམ།