ལིའུ་ཁྲེང་མིང་གིས་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་སུ་འཚམས་འདྲི་གནང་།

སྐལ་ཐུབ་དང་མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས།        2018-02-09

 

ལིའུ་ཁྲེང་མིང་གིས་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་སུ་འཚམས་འདྲི་གནང་།


སྤྱི་ཟླ2པའི་ཚེས9ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དང་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། དཀར་མཛེས་གླུ་གར་ཁང་སོགས་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ལས་ཁུངས་སུ་ཕེབས་ནས་འཚམས་འདྲི་ཞུས་པ་རེད། ལིའུ་ཁྲེང་མིང་གིས2017ལོའི་བསམ་བློ་དང་། དྲིལ་བསྒྲགས། རིག་གནས་ཁོངས་གཏོགས་ཀྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་ལས་སྒྲུབ་བ་ཡོངས་ལ་བཀའ་དྲིན་ཞུས་པར་མ་ཟད2018ལོའི་བསམ་བློ་དྲིལ་བསྒྲགས་ལས་ཀར་ཐུགས་རེ་གནང་བ་རེད།

    ལིའུ་ཁྲེང་མིང་གིས་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་ཚགས་པར་འགྲེམས་སྤེལ་གནས་ཚུལ་སོགས་ལ་རྒྱུས་ལོན་གནང་མཐར་གསུངས་དོན། 2017ལོར་ཚགས་པར་ཁང་གིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ལག་ལེན་དང་། ཁུལ་ཨུའི་དམིགས་འབེན་གཅིག་ལ་དམིགས་ཤིང་འགག་རྩ་གཉིས་མངོན་གསལ་བྱེད་པ། དོན་ཆེན་གསུམ་དམ་འཛིན། མི་འདང་ས་བཞི་ཁ་གསབ། རྨང་གཞི་ཆེན་པོ་ལྔ་སྲ་བརྟན། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར། ཏང་གི་བྱེད་ཕྱོགས་སྲིད་ཇུས་ཞིང་འབྲོག་དམངས་ཀྱི་ཁྲོད་དུ་བསྒྲགས་ཤིང་ཞིང་འབྲོག་དམངས་ནང་དུ་དབུལ་ཐར་འགག་སྒྲོལ་དང་། ཏང་དྲིན་དྲན་ཞིང་མེས་རྒྱལ་ལ་དགའ་བ་དང་། ཁྲིམས་ལུགས་སྲུང་ཞིང་འབྱོར་འབྲིང་དུ་བསྐྱོད་པའི་གཞི་རིམ་གྱི་གནས་ཚུལ་ཡར་ཞུ་བྱས་པ་སོགས་ལས་ཀ་གང་མང་བསྒྲུབས་ཡོད་པས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁས་ལེན་གང་ལེགས་གནང་ཡོད།

   ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་གཏོང་བའི་ལོ་འགོ་ཡིན་ཞིང་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40སོང་བ་དང་། ཧ་ཅང་དབུལ་ཕོངས་ས་ཁུལ་དབུལ་ཐར་ཡོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་པའི་ཡང་འཐབ་ཡང་རྒྱལ་གྱི་ལོ་ཞིག་ཀྱང་ཡིན། ཚགས་པར་ཁང་ནི་ཏང་ཨུའི་སྲིད་གཞུང་གི་མགྲིན་ཚབ་པ་ཡིན་པས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བོད་སྐྱོང་ཐབས་ཇུས་དང་ཁུལ་ཨུའི་གཙོ་གཞི་ལས་ཀའི་བཀོད་སྒྲིག་བཅས་གཞི་རིམ་དུ་དྲིལ་བསྒྲགས་བྱ་དགོས། ཚགས་པར་ནི་དཀར་མཛེས་ཁུལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་སའི་གཞི་སྟེགས་གལ་ཆེན་ཞིག་ཡིན་པས་གཙོ་རྒྱུན་གླེང་ཕྱོགས་ལ་གཏོང་འཛིན་ཡང་དག་པ་བྱེད་ཅིང་གཙོ་རྒྱུན་གླེང་ཕྱོགས་ཀྱི་གཡུལ་ས་ནན་སྲུང་བྱ་དགོས། ལོ་གསར་པར་ཚང་མས་མུ་མཐུད་ནས་དཀའ་ངལ་ལ་མི་འཛེམས་ནས་ལས་དོན་སྒྲུབ་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས། འཕྲིན་སྦྱོར་གསར་པ་དང་སྲོལ་རྒྱུན་སྨྱན་སྦྱོར་གྱི་ནུས་པ་ཡག་པོ་བཏོན་ཏེ་ཏང་ཨུ་དང་སྲིད་གཞུང་གི་སྐད་ཆ་མང་ཚོགས་ཀྱི་ཁྲོད་དུ་སྒྲོག་པ་དང་མང་ཚོགས་ཀྱི་ཏང་དྲིན་དྲན་ཞིང་མེས་རྒྱལ་ལ་དགའ་བ་དང་། ཁྲིམས་ལུགས་སྲུང་ཞིང་འབྱོར་འབྲིང་དུ་བསྐྱོད་པའི་ནང་སྐྱེས་སྒུལ་ཤུགས་བསླང་དགོས།

    ལིའུ་ཁྲེང་མིང་གིས་ལོ་གསར་པ་ཤར་ལ་ཉེ་སྐབས་ཚང་མ་ལ་བཀྲ་ཤིས་པའི་སྨོན་འདུན་ཞུས་པ་རེད།

  ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིན་རྣམ་གཉིས་ཀྱིས་འཚམས་འདྲིར་ལྷན་ཕེབས་གནང་ཡོད། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྫོང་སོ་སོས་ལོ་སར་ལ་གྲ་སྒྲིག་བྱེད་པའི་ཚུལ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་བཙལ་བ་གྲོང་སྡེས་བཙལ་བའི་སློབ་གསོ་སྐོར་གྱི་བགྲོ་གླེང་སྐབས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།