རང་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་བླངས་ནས་དབུལ་ཐར་གང་ཐུབ་བྱས།

ལྷ་འཛོམས་ཀྱིས་བྲིས།        2017-12-11

      རང་ཁུལ་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཐོན་ལས་འཕེལ་རྒྱས་ཐད་ཀྱི་ཟུང་འབྲེལ་གསུམ་བཅས་ཟུང་དུ་འབྲེལ་བའི་བསམ་ཕྱོགས་ལྟར་གནས་སྤོ་མང་ཚོགས་ལ་དངོས་གནས་དྲང་གནས་སྡོད་ཁང་ཡག་པོའི་ནང་སྡོད་པ་དང་འཚོ་བ་སྐྱིད་པོ་རོལ་དུ་བཅུག་པ་རེད།

      བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཁྱིམ་གཞིས་གསར་པ་སྐྲུན་ཤུགས་ཆེ་རུ་བཏང་ཡོད། ལས་དར་དང་ཁྱིམ་ཕྱུག འཆམ་མཐུན། གྲོང་སྡེ་མཛེས་པོ་བྱ་རྒྱུའི་བླང་བྱ་ལྟར་ས་གཤིས་ཞན་ས་དང་ས་གཤིས་སྡུག་པོའི་སར་འཚོ་གནས་བྱེད་བཞིན་པའི་མི་སེར་ཚང་མ་བདེ་སྐྱིད་མཛེས་སྡུག་གི་གྲོང་སྡེ་གསར་པའི་འཛུགས་སྐྲུན་གྱི་འཆར་འགོད་ས་གནས་ལ་སྤོས་བཅུག་ནས་སྡོད་ཁང་གསར་པ་རྒྱག་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱིམ་གཞིས་གསར་པ་བསྐྲུན་པ་བཅས་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཡུལ་སྲོལ་གོམས་གཤིས་བཟང་བ། གཞི་ཁྱོན་ཅན་དང་ཞིང་ར་ཅན་གྱི་གྲོང་སྡེ་གསར་པའི་འདུ་འཛོམས་ས་གནས་ཤིག་ཆགས་སུ་བཅུག་ཏེ་གནས་སྤོ་བྱེད་མཁན་གྱི་མི་སེར་ཚོ་སྡོད་ཁང་གསར་པའི་ནང་སྡོད་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་ཡོད།

      ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་བྱས་ནས་ལས་ཞུགས་ཀྱི་ལས་སྒོ་རྒྱ་ཆེ་རུ་བཏང་། ས་གཤིས་ཞན་པ་དང་ས་གཤིས་སྡུག་སར་འཚོ་གནས་བྱེད་བཞིན་པའི་མི་ཚང་མ་གངས་དཀར་རི་བོའི་ཡུལ་སྐོར་སྐོར་ལམ་དང་ཉི་སྟེན་ཡུལ་སྐོར་སྐོར་ལམ། གེ་སར་རིག་གནས་ཀྱི་ཡུལ་སྐོར་སྐོར་ལམ། ཆེས་མཛེས་སྡུག་ལྡན་པའི་རྒྱལ་སྲུང་གཞུང་ལམ317པ་དང318པའི་ཡུལ་སྐོར་གཞུང་ལམ་ཆེན་པོའི་ས་ཁོངས་སོགས་སུ་སྤོས་ཏེ་ཡུལ་སྐོར་གྱི་ལས་ཀ་རག་པ་དང་ཡུལ་སྐོར་གྱི་ཟ་མ་རག་ཐབས་བྱས་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཐོབ་པའི་ཁེ་ཕན་ཉམས་སུ་མྱོང་དུ་བཅུག་པ་རེད།

ཐོན་ལས་འཕེལ་རྒྱས་ཀྱི་ཇུས་གཞི་དང་ཟུང་འབྲེལ་བྱས་ནས་ཡོང་འབབ་བརྟན་ཁྲོད་འཕར་སྣོན་བཏང་། ས་གཤིས་ཞན་པ་དང་ས་གཤིས་སྡུག་སར་འཚོ་གནས་བྱེད་བཞིནཔའི་མི་སེར་ཚང་མ་ཐོན་ལས་དམངས་ཕྱུག་འཐབ་ཇུས་དང་སྐོར་གཅིག ཡུག་གཅིག ལམ་གཅིག་གི་ཐོན་ལས་ཇུས་འགོད་ས་ཁུལ་དང་དེའི་འགྲམ་དུ་སྤོ་རུ་བཅུག་ནས་ས་བབ་དང་ཡུལ་བབ་དང་བསྟུན་ནས་གནས་སྤོ་ཡུལ་མིར་ཚོང་ར་འཕེལ་རྒྱས་དང་འཕྲོད་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཙལ་ནས་དབུལ་ཐར་ཐུབ་ཅིང་འཚོ་བ་སྐྱིད་པོ་རོལ་ཏུ་བཅུག་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།
  • དོ་སྣང་ཆེ་བའི་རྩོམ།