ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་སྔར་ལྷག་གིས་ཚོད་ལྟའི་ལས་དོན་ལ་རྣམ་པ་གསར་པ་བསྐྲུན།

བདེ་སྐྱིད་ཀྱིས་བསྒྱུར།        2017-11-20

     ཉེ་ཆར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། སློབ་གསོ་པུའུ། ཞིང་ལས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་རམས་པ་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་འདི་རང་ཁུལ་གྱི་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་ཀར་དུས་རིམ་བར་མའི་ཚོད་དཔག་དང་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

     ཟླ་བ11པའི་ཚེས2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དར་མདོར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ནད་ཡམས་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེ་ཀྲེང་ལུང་དང་ལས་སྒྲུབ་ཚོ་ཆུང་གི་ཁོངས་མི་བཅས་པར་མཇལ་འཕྲད་གནང་བ་རེད། ཁོང་གིས་རང་ཁུལ་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་སྐོར་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་མུ་མཐུད་ནས་དམ་འཛིན་བྱས་པ་དང་། སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་སྟངས་འབད་བརྩོན་བྱས་ཏེ་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ཚང་མར་དགེ་མཚན་ལྡན་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཁྱབ་གདལ་གཏང་དགོས་ཞེས་གསུངས་པ་རེད།

     ལས་སྒྲུབ་ཚོ་ཆུང་གིས་ཡུལ་དངོས་སུ་ཚོད་དཔག་དང་ཆེད་དོན་སྙན་སེང་ཞུས་པར་ཉན་འཇོག་བྱས་རྗེས་རང་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བ་རེད།

     ལས་སྒྲུབ་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་སྔར་ལྷག་གིས་ཚོད་ལྟའི་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་ནས་དོན་དངོས་ལྟར་དཔེ་མཚོན་གཏོད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པར་བརྟེན། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཉིན་རེ་བཞིན་ཇེ་ཡག་འགྲོ་བཞིན་པའི་དགོས་མཁོ་བསྐོང་རྒྱུ་གཞིར་འཛིན་ས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་གཏང་ཆེད་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་རྒྱལ་ཁ་ཕུ་ཐག་ཆོད་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་ཀྱིས་ཀྲུའུ་ཞི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེད་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ སྙིང་དོན་སློབ་སྦྱོང་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:དུས་རབས་གསར་པར་བསུ་མ་དང་རྣམ་པ་གསར་པ་མངོན་འགྱུར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།