ཁུལ་སྲིད་གྲོས་ཀྱིས་ཀྲུའུ་ཞི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེད་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ སྙིང་དོན་སློབ་སྦྱོང་སྒྲོག་འགྲེལ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2017-11-20

     ཉེ་ཆར་ཁུལ་སྲིད་གྲོས་ཀྱིས་ཀྲུའུ་ཞི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེད་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བརེད། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ཁུའོ་རིམ་པ་ཡན་ཆད་ཀྱི་ལས་བྱེད་པ་དང་ལས་བཟོ་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

     ཚོགས་འདུའི་ཐོགཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ནན་ཏན་བྱ་རྒྱུའི་གཏན་འབེབསདངཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིནསྐོར་གྱི་གྲོས་ཆོདདང་ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ་རེད།

བྱང་ཆུབ་ཀྱིས་ནན་གསུང་གནང་དོན། ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་ལ་མཁྱེན་དཔྱོད་ཟབ་ཅིང་ཡངས་པ། བསམ་བློ་རང་བཞིན་དང་རིགས་གཞུང་རང་བཞིན། བདེན་དོན་རང་བཞིན་བཅས་མཐོན་པོ་ཡོད་ལ་འཐབ་ཇུས་རང་བཞིན་དང་ལག་ལེན་རང་བཞིན། དུས་རབས་རང་བཞིན་བཅས་ཡག་པོ་ཡོད་པས། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་ཆད་ཀྱི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱས་ནས་སྔོན་ལ་སྦྱོང་བ་དང་ཟབ་མོ་སྦྱོང་བ། མ་སྐུལ་དང་བླངས་ཀྱིས་རོགས་ཁྲིད་བྱས་པ་དང་དྲིལ་བསྒྲགས་བྱ་རྒྱུའི་འགན་ཁུར་དགོས། ཁུལ་སྲིད་གྲོས་ཀྱི་ལས་བྱེད་པ་དང་ལས་བཟོ། སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་། ཆེད་རམས་པ་གདན་འདྲེན་ཞུས་ནས་འཆད་ཁྲིད། ཏང་ཙུའུ་ཡི་གྲུབ་མིས་རྒྱུན་རྣམ་སྒྲོག་འགྲེལ་ཁྲིད་སྟོན་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཏན་ཏན་ཏིག་ཏིག་གིས་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཆེད་དོན་གྲོས་བསྡུར་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་སྔར་ལྷག་གིས་ཚོད་ལྟའི་ལས་དོན་ལ་རྣམ་པ་གསར་པ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།