རང་ཁུལ་གྱི་ས་ཆ་སོ་སོས་ཚ་ཚ་འུར་འུར་གྱིས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་ལ་དྲིལ་བསྒྲགས་དང་ལག་བསྟར་བྱེད་བཞིན་པ།

སྐལ་བཟང་དབང་ཆེན་དང་འཇམ་དབྱངས་མཁྱེན་རྩེ་ཡིས་བསྒྱུར།        2017-11-16

   ཉག་ཆུ་ཁ་རྫོང་།

   ཉིན་ཤས་བསྟུན་མར། ཉག་ཆུ་རྫོང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་གཅིག་རྗེས་གཉིས་མཐུད་དུ་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ནན་ཏན་ངང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱེད་པ་དང་། ཡང་དག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་ལ་གོ་བ་ལེན་པ་བྱས།

   རྫོང་དེས་རྒྱུན་ཨུ(རྒྱས་འཛོམས)ཚོགས་འདུ་འཚོགས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་ལ་ཆེད་དོན་སློབ་སྦྱོང་བྱེད་པ་དང་། རྫོང་ཡོངས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་གྱི་ལས་ཀ་ལ་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་ངང་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བསྟར་བ་དེ་མིག་སྔ་དང་ཕྱིན་ཆད་དུས་སྐབས་གཅིག་གི་ཆེས་གལ་ཆེ་བ་དང་། གཙོ་ཆེ་བའི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩི་དགོས་ཞིང་། ཏན་ཏིག་ངང་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་ཐོག་ཏུ་གཅིག་གྱུར་བྱེད་ཅིང་། ཐོག་མའི་བསམ་འདུན་མི་བརྗེད་པར། ལས་འགན་ནན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་གྱིས་དུས་རབས་གསར་བའི་ལས་ཀ་སྣེ་ཁྲིད་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

  དཀར་མཛེས་རྫོང་།

  ཟླ11ཚེས3ཉིན། དཀར་མཛེས་རྫོང་གིས་རྫོང་ཨུའི་ལྟེ་གནས་ཚོ་ཆུང་གི་གཅིག་བསྡུས་སློབ་སྦྱོང་ཚོགས་འདུ་ཚོགས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་ལ་ཆེད་དུ་སློབ་སྦྱོང་བྱས་ནས། རྫོང་ཡོངས་ལ་མགྱོགས་པོར་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བྱ་བའི་ནང་ཞུགས་པར་སྣེ་ཁྲིད་བྱས།

ཚོགས་འདུ་ཐོག ཚོགས་ཞུགས་མི་སྣ་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་ཆེད་དོན་སློབ་སྦྱོང་བྱས། རྫོང་ཨུའི་རྒྱུན་ཨུ་འགོ་ཁྲིད་མི་སྣ་དང་རྫོང་དམངས་ཆེན་འཐུས་མི། སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོས་རང་ཉིད་ཀྱི་ལས་ཀ་དང་བསམ་བློའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། སློང་སྦྱོང་ལ་སྣེ་ཁྲིད་པའི་གསུང་བཤད་གནང་བ་རེད། 


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ལག་རྩལ་གསར་པ་བསླབས་ཏེ་འབྱོར་ཕྱུག་གི་ལམ་བུ་རྒྱ་ཆེར་བཏང་།
  • ལེ་ཚན་རྗེས་མ།:ཁུལ་བཟོ་ཚོང་ཅུས་ཀྱིས་དམངས་གཉེར་ཁེ་ལས་པའི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།