ཁུལ་བཟོ་ཚོང་ཅུས་ཀྱིས་དམངས་གཉེར་ཁེ་ལས་པའི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་།

ཚེ་རིང་རྒྱ་མཚོ་དང་ཉི་མས་བསྒྱུར།        2017-11-16

   ཉེ་ཆར། ཁུལ་བཟོ་ཚོང་ཅུས་ཀྱིས་དྲང་བདེན་ཁྲིམས་སྲུང་གི་དམངས་གཉེར་ཁེ་ལས་ཚན་པ་གཉིས་པའི་འདེམས་སྒུག་དུད་ཚང7གྱི་འཐུས་མི་དང་དེང་རབས་ཁེ་ལས་ལམ་ལུགས་བཙུགས་པའི་ཁེ་ལས16གི་འཐུས་མི་ལ་སྦྱོང་བརྡར་བྱས་པ་རེད།

   སྦྱོར་བརྡར་གྲོས་ཚོགས་ཐོག པེ་ཅིང་ཏ་ཁྲེན་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་ཡན་ལི་ཕིང་གིས་ཆེད་དོན་སྦྱོང་བརྡར་བྱས། མོས་ཞིབ་ཕྲའི་གྱོད་དཔེ་ཐོག་ནས་ཁེ་ལས་འཐུབ་མི་རྣམས་ལ་དྲང་བདེན་ཁྲིམས་སྲུང་དང་ཁེ་ལས་ཁྲིམས་ལུགས་ཉེན་ཁ་ཚོད་འཛིན་ཀྱི་ཚད་གཞི་ཞེས་པའི་ནང་གི་ཁེ་ལས་ཀྱི་ཡིད་རྟོན་དང་ཆ་འཕྲིན་གསལ་བསྒྲགས་གྱི་ཉེན་ཁ་དང་། ནོར་དོན་དོ་དམ་གྱི་ཉེན་ཁ། རིག་གནས་ཐོན་དབང་དོ་དམ་གྱི་ཉེན་ཁ། མི་ཤུགས་ཐོན་ཁུངས་དོ་དམ་གྱི་ཉེན་ཁ་སོགས་ཕྱོགས12ཀྱི་ཐད་ནས་ནང་དོན་ཕུན་སུམ་ཚོགས་པ་འཆད་ཁྲིད་བྱས་པ་དང་། དེར་དྲི་བ་དྲིས་ལན་གྱི་བྱེད་སྟངས་ཐོག་ནས་དམངས་གཉེར་ཁེ་ལས་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། དྲང་བདེན་ཁྲིམས་སྲུང་གི་དཔེ་སྟོན་གསར་འཛུགས་བྱ་རྒྱུར་དམིགས་ཏེ་ཁེ་ལས་ཀྱི་ཁྲིམས་ལུགས་ཐད་བྱུང་སླ་བའི་ཉེན་ཁ་ཚབས་ཆེན་འཚོལ་རོགས་དང་བསེད་བཀྲོལ་བྱས་པ་དང་ཆབས་ཅིག ད་རུང་དམངས་གཉེར་ཁེ་ལས་དོ་དམ་པའི་ཚོང་གཉེར་དང་དོ་དམ་ཁྲོད་དུ་འཕྲད་པའི་དཀའ་གནད་ལ་དྲིས་ལན་བརྒྱབ། ཚོགས་ཞུགས་ཀྱི་ཁེ་ལས་དོ་དམ་པ་ཚང་མར་སྦྱོང་བརྡར་བརྒྱུད་ནས་མྱོང་ཚོར་ཟབ་མོ་མང་པོ་ཐོབ་སྟེ་བཤད་རྒྱུར། ཁེ་ལས་དོ་དམ་བྱ་དགོས་ན་ཤེས་དགོས་པའི་དོན་དག་མང་པོ་འདུག སྤྱི་གཉེར་ཁང་བཅོས་སྐྱོང་ནས་ནོར་དོན་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་འདུག ཁུལ་བཟོ་ཚོང་ཅུས་ཀྱིས་གཞི་རིམ་དང་འཕྲོད་པའི་སྦྱོང་བརྡར་སྤུས་ལེགས་འདི་རྩ་འཛུགས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་བཤད།

    སྦྱོང་བརྡར་གྲོས་ཚོགས་ཐོག འབྲེལ་ཡོད་འགན་འཁུར་བས་སི་ཁྲོན་ཞིང་ཆེན་དྲང་བདེན་ཁྲིམས་སྲུང་གི་ཁེ་ལས་དཔྱད་འདེམས་ཀྱི་ལས་ཀའི་ནང་ཞུགས་པའི་འདེམས་སྒུག་ཁེ་ལས་ལ་ཁེ་ལས་ཀྱིས་བྱ་འགུལ་གསར་སྤེལ་བྱ་རྒྱུ་འགོ་བརྩོམ་ས་བྱས་ཏེ་དྲང་བདེན་ཁྲིམས་སྲུང་གི་མིང་བྱང་བཟང་པོ་བསྐྲུན་པ་དང་། ཁྲིམས་ལུགས་སློབ་སྦྱོང་བྱ་རྒྱུ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པར་བརྒྱུད་ནས། ཁྲིམས་སྐྱོང་གི་ལས་ཀ་དེ་རང་ངོས་སྲུང་སྐྱོང་བྱེད་པའི་ཁྲིམས་མཐུན་ཁེ་དབང་དང་ཟུང་འབྲེལ་བྱེད་པར་གོམས་གཤིས་ཆགས་པ་དང་།རིམ་བཞིན་དོན་དག་ཡོད་ན་ཁྲིམས་ལ་གཏུག་རྒྱུ་དང་གནད་དོན་བྱུང་ན་ཁྲིམས་ཀྱིས་ཐག་གཅོད་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས་ཞེས་རེ་བ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་ཆ་སོ་སོས་ཚ་ཚ་འུར་འུར་གྱིས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙིང་དོན་ལ་དྲིལ་བསྒྲགས་དང་ལག་བསྟར་བྱེད་བཞིན་པ།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཕྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།