རང་ཁུལ་གྱིས2017ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཆེད་དོན་ཚོ་ཆུང་གི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-11-09

     ཉེ་ཆར། 2017ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཆེད་དོན་ཚོ་ཆུང་གི་ཚོགས་འདུ་འཚོགས་ཤིང་། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་བརྡ་ཁྱབ་བྱས་པ་དང་། ཕྱིན་ཆད་ཀྱི་ལས་དོན་སྐོར་ལ་བཀོད་སྒྲིག་བྱས་པ་རེད། ཚོགས་ཐོག《བསྡོམས་རྩིས་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ་བསྡོམས་རྩིས་དན་གྲངས་ཀྱི་བདེན་པའི་རང་བཞིན་ཆེ་རུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》དང་། 《ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》《རིན་གོང་བཅོས་བསྒྱུར་སྔར་ལས་ཟབ་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》ལ་གྲོས་བཞི་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།། 

  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།