ཁུལ་ཨུས་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་འཚོགས།

པད་མ་ཆོས་མཚོ་དང་རྣམ་འགྱུར་སྒྲོལ་མས་བསྒྱུར།        2017-11-09

    ཟླ་བ10པའི་ཚེས31ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་འཚོགས་པ་དང་། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》སྦྱངས་ཤིང་། 《ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་ཕྱོགས་བསྡོམས》བརྒྱུད་བསྒྲགས་སློབ་སྦྱོང་དང་།《ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུའི་གྲོས་འགོའི་ཇུས་གཞི》ལ་ཞིབ་བཤེར་གཏན་འབེབས་བྱས་པ་རེད།

    གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཐེངས་འདིར་ཏང་གི་སྒྲིག་ཡིག་བཟོ་བཅོས་ནང་མངོན་གསལ་ཆེ་ཤོས་ནི་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲིག་ཡིག་ནང་བྲིས་པ་དེ་རེད། དེས་ང་ཚོ་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་སོགས་ལ་སྣེ་ཁྲིད་བྱ་ཐུབ་ངེས་རེད། ཐེངས་འདིའི་ཏང་གི་སྒྲིག་ཡིག་བཟོ་བཅོས་བྱས་པར་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་བཀོད་སྒྲིག་ཆེས་གལ་ཆེན་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུད་རིམ་བཀོད་སྒྲིག་སྒྲིག་ཡིག་ནང་དུ་བྲིས་པ་དེ་ཡིན་ཞིང་། དེས་ང་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་པར་ཁྲིད་སྟོན་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་འཐབ་ལམ་གསར་པ་འབྱེད་འགོ་ཚུགས་པ་རེད། ཐེངས་འདིའི་ཏང་གི་སྒྲིག་ཡིག་བཟོ་བཅོས་བྱས་པར་རིགས་གཞུང་ཐོག་དུས་བསྟུན་མདུན་སྐྱོད་ཆེས་མངོན་གསལ་དོད་ཤོས་ནི། དུས་རབས་གསར་པའི་ནང་ཏང་གི་འཛུགས་སྐྱོང་ཐད་ཀྱི་གསར་གཏོད་གྲུབ་འབྲས་ཆེ་ཤོས་ཏང་གི་སྒྲིག་ཡིག་ནང་བྲིས་པ་དེ་ཡིན་ཞིང་། དེས་ང་ཚོར་ཐོག་མའི་བསམ་འདུན་མི་བརྗེད་ནས། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་སྐུལ་མ་བྱས་ནས། རང་རེའི་ཏང་འདི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་དང་། མི་རིགས་ཀྱི་རྐང་འཛིན་དུ་གྱུར་པ་ཁག་ཐེག་བྱེད་ཐུབ།

      གྲོས་ཚོགས་ནང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་དང་། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་། ཏང་གི་སྒྲིག་ཡིག་ནན་སྲུང་བྱེད་པ། སེམས་ཐག་གཙང་བཅད་ཀྱིས་ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱས་ཏེ་ཏང་གི་སྒྲིག་ཡིག་འདི་ནམ་ཡང་རྒྱ་ཆེ་བའི་ཏང་ཡོན་གྱི་སེམས་ནང་གི་སྒྲོན་མེ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འགྱུར་བར་བྱ་དགོས།

      གྲོས་ཚོགས་ནང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྒྲོག་འགྲེལ་ལས་ཀའི་གཙོ་གནད་འབུར་ཐོན་དང་། གནད་འགག་ཐུག་ས་ཁོང་དུ་ཆུད་པར་བྱ་དགོས། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་བློར་ངེས་པར་བྱས་ནས། སྦྱོང་གོ་ཆོད་ཅིང་ངེས་ཤེས་སྐྱེས་པར་ཁག་ཐེག་བྱ་དགོས། གཙོ་བོར་སྙན་སྒྲོན་གྱི་གསལ་བཀྲོལ་དེ་རྨང་གཞིར་དང་། སློབ་སྦྱོང་གི་ནང་དོན་དེ་གཞི་རྩར། ཏང་ཡོན་ལས་བྱེད་པ་དེ་གནད་འགག མི་ཡོངས་ལ་ཁེབས་པ་དེ་བླང་བྱ་བཅས་བཟུང་བ་དང་། སྒྲོག་འགྲེལ་བྱེད་ཐབས་སྐབས་དང་བསྟུན་ཞིང་དྲིལ་བསྒྲགས་གཞི་སྟེགས་གསར་གཏོད་ཡག་པོ་བྱས་ནས། རྒྱུན་ཆད་མེད་པར་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བའི་དྲིལ་བསྒྲགས་ཀྱི་ངར་ཤུགས་རྒྱུན་འཁྱོངས། དྲིལ་བསྒྲགས་ཀྱི་ཟབ་ཚད་ཇེ་ཆེར་གཏོང་བ། རྣམ་པ་གསར་གཏོད་བྱས་ནས་སྒྲོག་འགྲེལ་བྱེད་པ། གཞི་སྟེགས་བཙུགས་ནས་སློབ་གསོ་བྱེད་པ། རྟེན་གཞི་ལེགས་སྤྱད་བྱས་ནས་གསོ་སྦྱོང་བྱེད་པ་བཅས་བྱ་དགོས། ཟུང་འབྲེལ་བྱ་རྒྱུར་དོ་ཁུར་བྱས་ཏེ་མིག་སྔའི་ལས་ཀར་གཅིག་གྱུར་འཆར་འགོད་བྱ་དགོས། ལག་བསྟར་དོན་འཁྱོལ་གཏོང་བའི་ཟུང་འབྲེལ་བྱེད་གནས་ཡང་དག་པར་བཙལ་ཏེ་དམངས་འཚོ་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་དོན་ཁག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བྱ་དགོས། ལྟ་སྐུལ་ཞི་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་ཐོག་འཁྱོལ་བར་བྱ་དགོས།

       རྫོང་དང་གྲོང་ཁྱེར་ཏང་ཨུས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་ཚོགས་པ་ཡག་པོ་འཛུགས་དགོས། ཆབ་སྲིད་བརྟན་པོ་དང་ཏང་ལ་བློ་དཀར་ཟོལ་མེད། དམངས་ལ་ཞབས་ཞུ་སྒྲུབ་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་དག་གཞི་རིམ་ལས་བྱེད་པའི་དཔུང་སྡེར་མངགས་དགོས། ཏང་ཡོན་གྱི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ་དག་ཏང་ཡོན་དུ་གསོ་སྐྱོང་བྱེད་པ། ཏང་ཡོན་དག་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱ་དགོས། གཡུལ་ས་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་བྱས་ནས། གཞི་རིམ་གྱི་རྨང་གཞི་སྲ་བརྟན་བསྐྲུན་པ། ལམ་ལུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས་གཞི་རིམ་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏང་དགོས། འགྲིལ་ཤུགས་ཆགས་སུ་འཇུག་པ་དང་མཉམ་འཛིན་དོ་དམ། དཔྱད་ཞིབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བྱ་དགོས།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བོད་ཁུལ་དམངས་འཚོའི་ལས་གྲྭ་ཆེན་པོ་དྲུག་དམ་འཛིན་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས2017ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཆེད་དོན་ཚོ་ཆུང་གི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།