ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱས།

        2017-09-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་ཚེས་བཅུ་དགུ་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

མའོ་ཀའེ་ལི་ནེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་རག་གི་གཅིག་གྱུར་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅ ས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་སྤེལ་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཐུབ་ཟེར།

ཁོ་མོས་ད་རུང་བསྟན་དོན། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དང་དབྱི་རག་ཀྲུང་དབྱང་སྲིད་གཞུང་བར་གནས་པའི་འགལ་བ་དེ་དབྱི་རག་གི་རྩ་ཁྲིམས་རྨང་གཞིར་བྱས་ཤིང་། ཞི་བདེ་དང་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཉིང་རྡུལ་རྒྱ་ཡན་དུ་སོང་ནས་འཛམ་གླིང་གི་ཞི་བདེ་ལ་འཇིགས་ཉེན་ཐེབས་སྲིད་པའི་ཚུལ་བསྟན།
  • ལེ་ཚན་རྗེས་མ།:མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་འགྲེམས་སྟོན་ཨུ་རུ་སུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།