བོད་ཀྱི་བརྙན་འཕྲིན་ཟློས་གར་སྐོར་གླེང་བ།(1)

གསེར་རྟ།དཔལ་ཤུལ་རང་བྱུང་གིས།    ཁམས་པའི་བོད་ཡིག་ཚགས་པར།    2010-05-17

བོད་ཀྱི་བརྙན་འཕྲིན་ཟློས་གར་སྐོར་གླེང་བ།


བོད་ལ་ཐུན་མོང་མ་ཡིན་པའི་རིག་གནས་ལོ་རྒྱུས་དང་ཟློས་གར་སྒྱུ་རྩལ།ད་དུང་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས།ཡུལ་སྲོལ་གོམས་གཤིས་སོགས་གཞན་དང་མི་འདྲ་བའི་རང་གི་ངོས་ནས་ཁྱད་ཆོས་ཡ་མཚན་ཅན་ཡོད་ལ།བོད་རང་གི་ཐུན་མིན་གྱི་རིག་གནས་དང་སྲོལ་རྒྱུན་འདི་དག་དར་སྤེལ་དང་ཁྱབ་བསྒྲགས་ཡོང་ཕྱིར་འཛམ་གླིང་དང་བར་ཐག་ཇེ་ཉེ་དང་འཛམ་གླིང་གིས་ང་ཚོར་རྒྱུས་ལོན་ཡོང་ཆེད་དུ་ཚན་རིག་དང་འབྲེལ་བའི་བརྙན་འཕྲིན་བརྒྱུད་དེ་རང་གིས་རང་དྲིལ་བསྒྲགས་བྱེད་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་བསྙོད་དུ་མེད་པའི་འོས་འགན་ཡིན། ང་ཚོས་གནའ་བོའི་ཆོས་རྒྱལ་རིམ་བྱོན་གྱི་མཛད་རྣམ་དང་མཛངས་བློན་བདུན་གྱི་ལོ་རྒྱུས་ལྟ་བུ།ལྷག་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་རྣམ་སོགས་བོད་རང་གི་མིས་འཁྲབ་ཏེ་ཐོག་མཐའ་བར་གསུམ་དུ་བོད་རང་གི་ལོ་རྒྱུས་ལ་གསལ་ཆ་ལྡན་པའི་མི་དག་གིས་བརྙན་ཕབ་དང་འཁྲབ་ཁྲིད།སྒྲིག་སྦྱོར།ལྟ་སྐུལ་སོགས་བྱ་བ་མཐའ་དག་འགན་ཁུར་ཏེ་བརྙན་འཕྲིན་ཟློས་གར་དུ་ཕབ་ན་ཆེས་ལེགས་པོ་ཞིག་ཡོང་བར་སྣང་སྟེ།བོད་ཀྱི་དཔའ་བོ《འཛམ་གླིང་སེང་ཆེན་རྒྱལ་པོའི་རྟོགས་བརྗོད》ཀྱིས་མཚོན་པའི་མི་རིགས་དཔའ་བོའི་ལོ་རྒྱུས་དང་།《དྲི་མེད་ཀུན་ལྡན》དང་《འགྲོ་བ་བཟང་མོ》སོགས་བོད་ཀྱི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱིས་མཚོན་པའི་མི་རིགས་ཀྱི་གནའ་བོའི་རིག་གནས་སྒྱུ་རྩལ་དང་།ད་དུང་བོད་ཀྱི་ཆོས་ལུས་དྲིལ་བསྒྲགས་ཀྱི་ནུས་པ་ཐོན་པའི་《རྗེ་མི་ལའི་རྣམ་ཐར》དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་《གཉེན་སྒྲིག》སྟོན་མོ་སོགས་འཁྲབ་གཞུང་གང་མང་ཞིག་བོད་མི་ཁོ་ནས་འཁྲབ་ཅིང་བརྙན་འཕྲིན་དུ་ཕབ་ཚེ་ཐོག་མཐའ་བར་གསུམ་གྱི་བྱ་བ་ཚང་མ་བོད་མི་ཤ་སྟག་གིས་འགན་ཁུར་ནས་བསྒྲུབ་ན་ད་སྔོན་བོད་ཀྱི་འཁྲབ་གཞུང་གསར་རྩོམ་རེ་འགའ་བརྙན་འཕྲིན་དུ་ཕབ་ཡོད་པ་དེ་དག་དང་མི་འདྲ་བར་མི་རིགས་རིག་གནས་ཀྱི་འཕེལ་ཕྱོགས་ལ་ཕན་ནུས་ཡོད་ལ་ཀུན་གྱི་འདོད་བློ་སྐོང་ཐུབ་པར་སྙམ།《བདེན་རྫུན་བརྡར་ཤ་ཆོད་པ》དང་《དར་མདོའི་མཛའ་གཞས》
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ལྷ་མོ།